[001A] །བྱིན་རླབས་ཅན་དུ་གྲགས་པ་དཔལ་འཁོར་ལོ་སྡོམ་པའི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་བཤད་ལུང་དང། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་ཕྱག་ཟིན་ཐོར་བུ་བཅས་བཞུགས་སོ། ། [001B] །བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་ས་འབྲུག་ཟླ་ཚེས་ནས་བཟུང་སྙིགས་དུས་ཀྱི་མཧཱ་པཎྜི་ཏ་ཅོ་ནེ་བླ་མ་རིན་པོ་ཆེ་་བློ་བཟང་རྒྱ་མཚོ་སྦྲིན་གཙུག་ལག་ཆོས་ཀྱི་ འདོད་འཇོ་དཔལ་བཟང་པོའི་ཞལ་སྔ་ནས། འཇམ་མགོན་ཙོང་ཁ་པ་ཆེན་པོའི་གསུང་དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་དབུས་འགྱུར་ཞོལ་སྦར་མའི་སྟེང་ནས་ཟབ་བཤད་ ལེགས་པར་ནོས་སྐབས་ཀྱི་ཟིན་བྲིས་མདོ་ཙམ་འགོད་པ་ལ། ༈ ཚུགས་པའི་ཐོག་མར། ཉིན་དང་པོར། རྗེ་བདག་ཉིད་ཆེན་པོས། ཐུན་མོང་ལམ་སྦྱངས་སྣོད་་ལམ་གྱི་རྩ་བ་བསྟེན་ནས་བློ་ཇི་ལྟར་འདི་གཉིས་ཀྱི་ཕྱི་མའི་ནང་སྐྱེས་བུ་གསུམ། གསང་ [002A] །སྔགས་དང་བཅས་པ་འདུས་ཀྱང་སྔ་མ་དང་ས་བཅད་དོ་མཉམ་པར་མཛད་པ་གལ་ཆེ་བའི་གནད། བླ་མ་བསྟེན་པ་ཡང་དྲུང་དུ་བསྡད་པ་ཙམ་མིན་པར་པས་བསྟེན་ཚུལ་ སྦྱོར་བས་བསྟེན་ཚུལ་སོགས་པ་ཤེས་གཉེན་བསྟེན་ཚུལ་རྒྱས་པར་གསུངས། དེ་ནས་སྐྱེས་བུ་གསུམ་རིམ་བཞིན་ཚེ་འདི་ལ་ཞེན་པ་ཟློག་པའི་ཕྱིར་སྐྱེས་བུ་ཆུང་ངུ། དེ་ཡང་འཆི་བ་དྲང་ན་འཆི་བྲབས་ཚགས་ སུ་ཚུད། །ཅེས་འཆོ་གྲབས་མི་བྱེད་ན། འཆི་པ་དྲན་ཟེར་བ་རྐྱག་རྫུན་ཡིན། དེ་བཞིན་དུ་ལྡོག་ཕྱོག་བཞི་པོ་འདི་ལ་བསམས་ཏེ་བློ་དེ་རྣམ་སྐྱེས་མ་སྐྱེས་བལྟ་བ་རྒྱལ་བ་ཙོང་ཁ་བའི་བཀའ་སྲོལ། ཁྱི་མ་ལ་ ཞེན་པའི་གཉེན་པོར་སྐྱེས་བུ་འབྲིང། ངེས་འབྱུང་ལ་མྱོང་བ་ཐོན་ན་དེ་ཁ་བསྐོ་ཏེ་སྙིང་རྗེ་ལ་མྱོང་བ་འདོན་དགོས། དེ་ཡང་རྒྱུ་འབྲས་མན་ངག་བདུན་རིམ་བཞིན་བློ་སྦྱངས་དགོས། སེམས་བསྐྱེད་པ་ནི་གཞན་ [002B] །ཅེས་དོད་པའི་མིང་ཡོད་པ་རྒྱུ་མིང་འབྲས་ལ་བཏགས་པ། གྲོགས་མིང་གྲོགས་ཅན་ལ་བཏགས་པ་ཞེས་བ་དེ་ཡིན། རྒྱུ་གཞན་དོན་དོན་གཉེར། གྲོགས་བྱང་ཆུབ་དོན་གཉེར་སོགས་དགོས་པ་དེ་ ༈ དེའི་ཐོབ་བྱ་བྱངས་ཆུབ་སྐུ་ཐུགས་ཟུང་འཇུག་ལ་ཐོབ་འདོད། དེ་ལ་དེའི་གོ་བ་ཆགས་དགོས་པ། དེ་ལ་དབང་སོགས་ནས་རིན་བཞིན་འགུག་ ༈ དེ་ཡང་རིམ་གཉིས་ཀྱི་མན་ངག། ཆོ་ག་སོགས་ཡིན། ༈ གསན། དེའི་སྟེང་བུ་སྟོན་གྱིས་གཉིས་གསན་ནས་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པ། གོང་གསུམ་བདེ་ཆེན་པས་གསན། དེ་ལ་རྗེ་རིན་པོ་ཆེས་གསན། དེ་ནས་བརྒྱུད་ཚུལ། མེར་གན་བླ་མས་རྒྱུད་ ཆེན་དཀོན་མཆོག་ཡར་འཕེལ་ལས་གསན་པ་ཀློང་རྡོལ་གསན་ཡིག་ཏུ་གསུངས། དེ་མན་ངག་ཁ་འཐོར་པའི་བཀའ་བབས་ཡིན། དེ་ལས་འཇམ་བཞད་ཀྱིས་གསན། དེ་ཆུ་བསགས་ཏེ་སྙུན་སྐབས་འཇམ་ བཞད་ཀྱིས་སྙུན་གཡོག་ལེགས་པར་མཛད། སྐུ་གཟུགས་ཀྱི་ཆུ་བབས་པ་ཚང་མ་བཞེས་པས་རྟོགས་པ་ཁྱད་པར་ཅན་འཁྲུངས་ཚུལ་བསེ་ངག་དབང་བཀྲ་ཤིས་ཀྱི་གསུང་རྒྱུན་ཡིན་གསུངས། རྒྱུད་བཤད་པ་ལ་ [003A]༄༅། །འཇིགས་ཀྱང་དཔའ་བོ་མཁའ་འགྲོ་ལ་གནང་བ་གསོལ་བ་ཡིན། སྔོན་དུ་ཐུན་མོང་ལམ་སྦྱངས་གསུངས་པས་བཅད་དང་པོ་འདི་ཡིན། ད་ལམ་ཀུན་སློང་བཅོས་ཚུལ་ལ་སྦྱར་བ་ ཡིན༑ མདོ་ཕྱོགས་འཆད་སྐབས་སྔོན་དུ་བསྟན་པ་སྤྱིའི་རྣམ་གཞག། ཐུགས་བསྐྱེད་ཚུལ་ནས་ཆོས་འཁོར་བར་དེ་ལས་འདི་སོགས་འཆད་པ་ཡིན། དེ་དང་འདྲ། ་བྱིན་རླབས་ཅན་དུ་གྲགས་པ། མར་པས། དཔལ་ ནམ་མྑའ་བྱིན་རླབས་ཞེས་སོགས་ལྟར། བྱིན་རླབས་ཅན་ནི་འདིར་ཁྱད་ཆོས་གསུམ་གྱི་རྟགས་བཀོད་ནས་གསུངས། ༈ དགོས་གསུངས། དཀའ་འགྲེལ་འདི་ལྟ་བུ་ལ་དགོས། གྲངས་ན་སྤྱིར་གཞུང་གི་དངོས་བསྟན། ཤུགས་བསྟན་སོགས་འགྲེལ་དཀའ། དེ་ལས་ཀྱང་རྒྱུད་ནི་སྦས། དཀྲུགས། དྲང་ངེས་སོགས་ཤིན་ཏུ་རྟོགས་ དཀའ་དེས་ན་རྒྱུད་དོན་མངོན་ཤེས་དང་ལྡན་པས་མིན་པས་རང་དབང་དུ་འགྲེལ་མི་ནུས། མངོན་ཤེས་ཀྱང་རླུང་དབུ་མར་ཐིམས་པའི་བདེ་སྟོང་གི་ཡེ་ཤེས་ཀྱིས་དྲངས་པ་ཞིག་དགོས། དེ་སྒྲུབ་ཚུལ་ཡང་སྔགས་ ན་གསུངས་འདུག་མོད་གསུངས། ༈ འགྲེལ་བཤད་ཡིན་ན་ཁོ་རང་གི་བཤད་གཞི་དེ་འགྲེལ་པ་ཞིག་ཡིན་དགོས། ༈ གྲངས་་ནས་ [003B] ཚོམས་ལས། དཔེར་ན་ཕྱུགས་རྫི་སྐྱེས་ཙམ་ཉིད་ནས་ནད་དང་རྒ་བས་བཅོམ་བཞིན་འཆི་བདག་གི་དྲུང་དུ་འགྲོ་བ། རྗེས་སུ་མ་ཏིའི་བསྡུས་དོན་ལ་དགྱེས་པར་མཛད། ལེའུ་དང་པོ་མདོར་བསྟན། ལྷག་མ་ཞེ་དགུ་རྒྱས་བཤད་ ལྔ་བཅུ་རྩ་གཅིག་པས་དོན་བསྡུ་སྤྱིར་བཏང་ཙམ་མིན་པར་དེ་ཉིད་བཅུ་བཞིའི་ལམ་གྱི་རིམ་པར་བསྡུས་ནས་གསུངས། དེ་ནས་དེ་ལས་ཞེས་པའི་ཚིག་ལྷག་པ་ཇི་ཡིན་གསུངས། ན་སྔགས་འདི་ལ་རྒྱུད་དུ་ཤིན་ཏུ་དམ་མདོག་ཆེ་བ་མཛད། དེ་ལ་གཞིགས་ ན་རང་རེ་གང་འདོད་བཟླ་རྒྱུ་ཡོད་པ་སྐལ་བ་བཟང། བ་སྒོ་ནས་ཀྱི་དངོས་གྲུབ་ཅེས་པ་གསུངས་ལུགས་འདི་འདྲ་འབྱུང་བཞིབ་དགོས། ན་འདི་དག་སྨོན་ལམ་གྱི་ཡུལ་དུ་བྱས་ནགས་རང་རེ་ཚེ་ཐུང་ངུ་ཞིག་ཡིན་པས་འདི་ནས་འཕོས་མ་ཐག་ཞིང་བཟང་པོར་སྐྱེས་ ནས་དེ་ལྟར་ནུས་པའི་སྨོན་ལམ་དང་རྟེན་འབྲེལ་བསྒྲིག་པ་ལས། དེ་ལྟ་ནས་དེ་ལྟར་སྤྱིར་རྟོགས་པ། སྒོས་དགེ་ལྡན་པར་མི་རུང། དགེ་ལྡན་པའི་བསྟན་པ་འདིར་སྡོམ་པ་དང་དམ་ཚིག་གི་སྟེང་ནས་ཡར་བགྲོད་པ་ཡིན། ན་བུ་སྟོན་གྱིས་བཤད་པ་ བཞག་ནས་སླར་ཡང་གསན་པ་ལ་འཕགས་འོད་སར་ཕེབས་ཚུལ། གོང་གསུམ་པའི་གདན་སར་ཕེབས་ཚུལ་ཡང་གསུངས། ན་ལྷའི་སྐད་ཅེས་པ་སྒྲ་འདི་ལྷ་ནས་བྱུང་བས་དེ་ལྟར་བརྗོད། ན་མཚན་ཉིད་པས་རྒྱུད་གཅིག་སོགས་རྒྱུན་གྱི་སྟེང་ནས་ བཤད། རྒྱུ་རྒྱུད་གང་ཟག་གི་རང་བཞིན་ཞེས་པ་ཆོས་ཉིད་ལ་བྱེད་པ་ཡང་ཡོད། བ་སྟོང་ཉིད་མཐར་ཐུག་ནི་ཐོས་བསམ་གྱི་ལྟ་བའི་དཔྱད་པ་མཐར་ཐུག་པ་དང། གློ་བུར་གྱི་དྲི་མ་བྲལ་ནས་མཐར་ཐུག་པ་སོགས་ཡོད། བདག་ཉིད་དང་ངོ་བོ་གཉིས་ལ་སྐད་ [004A]༄༅། །དོད་ཐུན་མོང་བ་ཡོད། ༈ མཐུ་དང་སྟོབས་དང། ནུས་པ་ལ་སྐད་དོད་ཐུན་མོང་བ་ཡོད། སྙིང་རྗེའི་སྟོབས་ཞེས་པ་ཡང་དེའི་ནུས་པའམ། མཐུས་གཟུགས་ སྐུ་འགྲུབ་པའི་དོན། རིག་རྩལ་ཞེས་པ་ཡང་དེ་འདྲ་་རྭ་ལོའི་སྐབས་རྒྱུད་ཉན་པ། ལྡན་ནས་བདེ་ཆེན་ཡང་གང་ཚུལ་དང། ཡར་ལྷ་ཤམ་པོ་བསྲེགས་གསོས་མཛད་ཚུལ། བ་སྒྱུ་ལུས་མ་རྒྱུད་ནས་ཀྱང་གསལ་བར་སྟོན་པ་མཁའ་འགྲོ་རྒྱ་མཚོའི་ གཞུང་འདིས་ཤེས། དེས་ན་རྩལ་དུ་བཏོན་ནས་འཆད་ཅེས་པ་འདི་གོ་དཀའ། གཙོ་བོར་བསྟན་པ་དང་དངོས་སུ་བསྟན་པ་ཡང་མིན། དེ་ཇི་ལྟར་ཞེ་ན་མ་རྒྱུད་འདིར་འོད་གསལ་དང་དེའི་རྒྱུ་ཕྱག་རྒྱའི་བརྟག་ཐབས། ངོས་འཛིན། རྩ་འཚོལ་ལུགས་སོགས་ བསྟེན་ཐབས། དེ་ལས་བདེ་ཆེན་འོད་གསལ་སྐྱེ་ལུགས་སོགས་རྒྱས་པར་བསྟན་པས་ཟེར་ཨེ་དགོས་སྙམ། ་དབུས་དང། མཆོད་དང། དགུང་ལ་སྐད་དོད་གཅིག་པ་ཡོད། ན་བཅོམ་ལྡན། འདས་ཞེས་པར་སྐད་དོད་མེད་པར་ལོ་ཙཱ་བས་ བསྣན་པ་དང། སང་ངེས་ཚིག་གིས་བཤད་རྒྱུ་ཡོད་པར་འདོད་པ་ལུགས་གཉིས་ཡོད། ན་ཡི་གེ་བཅུ་དྲུག་གི་བཅུད་ལེན་ནི་སྤྱོད་པའི་སྐབས་སྟོབས་རྒྱས་བྱེད་ཀྱི་རིལ་བུའོ། །བ་དབྱངས་ཀྱིས་དམན་པ་སྦྱར་བ་ཚིགས་བཅད་ཡིན་ན། སྠི་ནི་ ཞེས་པར་ཐི་ནི་ཞེས་བཀླག། ལྷུག་པར། ས་ཐི་ནི། ཞེས་བཀླག་དགོས། ༈ གྲངས་ན་ནས་ཚུགས། རྒྱུད་རྡོ་རྗེ་རྩེ་མོ་ལས། གཡེང་བ་ཐམས་ཅད་རབ་སྤངས་ནས། །རྣམ་རྟོག་མེད་པའི་སེམས་ཀྱིས་ནི། །ཡེད་ [004B] འདོད་ཆགས་ཀྱིས་གཡེང་པ་ནི་རྒོད་པ་ཡིན་ལ། གཏི་མུག་དང་ཞེ་སྡང་གིས་གཡེང་བ་ནི་ཉེ་ཉོན་ཉི་ཤུའི་ནང་གི་རྣམ་གཡེང་ཡིན། འདིའི་རྣམ་གཡེང་ནི་དེ་ཙམ་དུ་མ་ཟད་དགེ་བའི་ཕྱོགས་ལ་ གཡེང་བ་ཐམས་ཅད་དོ། །གསང་བ་མཆོག་གིས་ཞེས་པས་གནས་ཕུན་སུམ་ཚོགས་པ་དང། མཁའ་འགྲོ་ཀུན་དངོས་ཞེས་པས་སྟོན་པ་ཕུན་ཚོགས་བསྟན། བ་དཔེར་ན་གཙུབ་ཤིང་སོགས་མཉམ་གཞག། འགྲོ་བ་མཐའ་དག་ཅེས་པ་ རྗེས་ཐོབ་སྒྱུ་མ་ཞེས་གསུངས། ན་བརྒྱ་ལྔ་བཅུ་བ་ལས། སྐུ་ཡི་ཆ་ལུགས་རྣམ་མང་དང། །་ཞེས་པའི་རིགས་པ་བཞིན་ཉན་པ་པོ་ཡང་འགལ་མེད་དུ་གསུངས། ན་སྤྱིར་ཞིང་སྔགས་ལྷན་སྐྱེས་ཀྱི་ཕོ་ཉ་ལ་ས་མཚམས་བཞག་ཡོད་ཀྱང་ འདིར་མཚན་གྱི་སྟེང་ནས་བཤད་དོ། །བ་མཐེབ་སྲིན་རྩེ་སྦྱར་ནས་ཁ་ཕྱེ་ཙམ་བྱེད་པ། མཐེ་བོང་གིས་འཐོར་བ། སྲིན་ལག་གིས་འཐོར་བ་གསུམ་ཡོད། བ་སླར་མི་ལྡོག་པ་ཐོབ་པ་ནི་སངས་རྒྱས།་བསྲུང་འཁོར་ཞེས་པ་ནི་ཕྱོགས་ཀྱི་ འཁོར་ལོ་བསྲུང་བས་ནའོ། ། ༈ ༈ ་འོ་ལགས། ཇོ་བོ་ཆེན་པོས། ཚེ་འདི་ཡུན་ཐུང་རང་རེའི་ཚེ་ནི་གཟུགས་གཟུགས་མེད་དང། དམྱལ་བ་ཚ་གྲང་ ལ་ལྟོས་ན་སྐད་ཅིག། དེ་ཡང་ངེས་མེད། འོན་ཀྱང་ལས་ཀྱི་ས་པ། སྔ་དྲོར་དགེ་བ་བྱས་པ་ཕྱི་དྲོར་སྨིན་ཐུབ་པས་སྔགས་ཀྱི་གདུལ་བྱ་ཁྱད་པར་ཅན། ་འདོད་ཆགས་ལམ་དུ་འཁྱེར་བ་ལ་བདེ་བ་ཆེན་པོའི་སྟོབས་རྒྱས་པ་དགོས། དེས་དེ་ཟིལ་གྱིས་ [005A]༄༅། །གནོན་པ་དགོས། དེ་ལྟར་ཉོན་མོངས་ལམ་དུ་འཁྱེར་བ་ལ་གཉེན་པོའི་སྟོབས་རྒྱས་དགོས། གཉེན་པོ་ནི་སྔགས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཙམ་མ་ཟད། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་རྒྱས་ན་ཡང་ལམ་རྡུ་ བསྒྱུར་བ། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་དེས་ནི་བུ་རམ་དེ་བཞིན་དེས་ནི་ཞེས་གསུངས་པ་ལྟར་རོ། །་མཐུན་པ་ཞེས་པ་ནི་སྒྱུ་ལུས་ལ་སྒྱུ་འཕྲུལ་དྲ་བ་ཞེས་སྤྲུལ་པའི་སྤྲོ་གཞི་ལྟ་བུ་ཡིན་པས་དེ་ལ་སྦྱར་རམ། ༈ བསྟན། གཉིས་པས་དཀྱིལ་འཁོར། གསུམ་པས་དབང་སོགས་རིམ་བཞིན། ་དཔའ་བོས་མི་མཐུན་ཕྱོགས་འཇོམས་པས་སྔགས་ལ་ཡང་དཔའ་བའི་མིང་བཏགས།་ནས་བྷ་ག་ནི་ཆོས་དབྱིངས། མཁའ་ལ་རླུང་བརྟེན་སོགས་དང་ ཡང་འདྲ། ཨ་དགག་ཚིག། དགག་བྱ་བཀག་པའི་མེད་དགག། མིག་མེད་སྣ་མེད་སོགས། ཨ་ཀླ་རོ་མུ་ཁཾ་ཞེས་པ་ཡང་ཨ་དགག་ཚིག། མུ་ཁ་ཁའམ་སྒོ་ཡིན། སྐྱེ་བ་མེད་པ་ནི་ཆོས་ཐམས་ཅད་སྐྱེ་བའི་སྒོའི་ཞེས། སྟོང་པ་ལས་རྟེན་ འབྱུང་འཆར་ཚུལ་ལོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། སོགས་དང། མཚན་བརྗོད་ལུགས་དྲུག་སོགས་སྔར་བཞིན་གསུངས། ་མ་མོ་ཞེས་པ་མ་ཕྱི་ལྟ་བུ་སྟེ་མངོན་པ་ལ་མ་མོ་ཞེས་པ་བཞིན་འདིར་དབྱངས་ལ་མ་མོ་ཞེས། ་རྒྱལ་བ་ཙོང་ ཁ་པས་བདེ་གསར་འཇིགས་གསུམ་འདི་ལ་སྐུ་ཚེའི་རིང་ཞུས་དག་མཛད་པས་འདི་ལ་འབྱར་དགོས། ཕཊ་ཀྱི་ཕཊ་སོ་སོར་འདོན་མཁན་ཡོད་པར་གསུངས། སྐྱོད་བྱེད་མ་དང། སྐྱོན་བྱེད་གང་ཡིན་བརྟག་དགོས། ༈ ་ [005B] དབུ་མ་བཞི་བརྒྱ་པ་ལས། ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །ནང་པ། གཅེར་བུ། བྲམ་ཟེ།་ཚངས་པ་རྣམས་ལས། ཡིད་ཀྱིས་ཆོས་བྱེད་པ་ནང་པ། ཚངས་པ་བ་ལུས་ཡིད་ཅི་རིགས། གཅེར་བུ་བ་མིག་གི་ལྟ་བ་ལུས་ཀྱི་དཀའ་ཐུབ་ ལྟ་བུས་ཉན་པས། རང་རེ་ཤཱཀྱའི་རྗེས་འཇུག་སེམས་འདུལ་བའི་ཆེད་དུ་གཙོ་བོར་བྱེད་ཅེས་ན་སྔགས་ཀྱི་དེ་ཉིད་ཤེས་པ་གལ་ཆེ། དེ་ཉིད་སྟོང་ཉིད་ཀྱི་ལྟ་བ་རྙེད་པ། དེ་ཡང་ཐབས་ཀྱིས་ཟིན་པ་ཞིག་ཡིན། ན་འདིར་ལས་ཚོག་མང་པོ་ཡོད་ པ་འགྲུབ་པ་ལ་ཐུན་མོང་ལམ་སྦྱངས། དབང། དམ་ཚིག། བསྙེན་པ་བཞི་འགྱུར་སོགས་དགོས། གསང་སྔགས་ལ་དམ་མདོག་ཆེ་བར་མཛད་པ། དཔེར་ན་མཚན་ཉིད་ལྟ་བུ་ཐུན་མོང་པས་རྒྱུད་མ་ཐུལ་བར་ཆོས་ལ་སྤྲོས་པ་ཆེ་བ་རྒྱལ་གདོན་ དུ་སྐྱེ་བ་ལྟར། རྒྱུད་མ་ཐུལ་བར་གསང་སྔགས་ལ་ཆགས་པའི་མཁའ་འགྲོ་མ་རྣམས་ཕྲ་མེན་མར་སྐྱེ་བ་ཡིན། དེ་དག་སྔགས་ལ་ཕྲག་དོག་གིས་བར་ཆད་བྱེད། ་ན་རིགས་ལྔ་ལ་ཁ་དོག་མི་འདྲ་བ་དང། ལས་སོ་སོར་ཁ་དོག་མི་འདྲ་བ་འབྱུང་བ། རྩ་བ་ དུག་ལྔའི་སྟེང་ན་ཡོད་པའི་ཁྱད་པར་ཡིན། ༈ རྭ་ལོའི་རྣམ་ཐར་གསུངས། དེ་ལ་གོ་རྒྱུ་ཡོད། རྭ་ལོས་དེ་ལྟར་མ་མཛད་ན།་ཆེན་པོ་དེ་རྣམས་ཡོད་ན་དེ་དག་གི་བསྟན་པ་དར་བས་རྗེའི་བསྟན་པ་དར་མི་ཐུབ་པས་ དེའི་ཆེད་ཡིན། བདེ་ཆེན་ནས་ལ་མོ་མན་ཆད་སྒྲུབ་ཁང་གིས་ཁེངས་པར་མཛད་པ་ཡང་དགའ་ལྡན་གྱིས་བཅག་པའམ་ས་འདུལ་ཆེད་ཡིན། ན་ལུས་བསྒྱུར་བ་ལས་འཕྲོས། ཕྲ་མེན་མ་ཞིག་གིས་རང་གི་བུ་ཁྱིར་བསྒྱུར་བ་གླང་རི་ཐང་བས་ [006A]༄༅། །ཀྱང་བཅོས་མ་ཐུབ་པར་རྭ་ལོས་བཅོས་ཚུལ་གསུངས། ལས་ཚོགས་ཀྱི་གནད་ཕར་གཏུགས་ན་ལྟ་བ་ཡིན། རྟེན་ཅིང་འབྲེལ་འབྱུང་བ་སླུ་མེད་ཀྱི་འཕྲུལ་ཡིན། ༈ ཀྱི་ནུས་མཐུས་ལས་འགྲུབ་པ་ཡང་ཡོད་པས་ལས་ཚོགས་ལ་བཀའ་རྒྱ་བྱེད་པ་དེ་ཡིན། ་བོན་པོས་རལ་པ་དང་མགོ་ཐོག་ལ་བཏགས་ནས་མཐུ་བསྒྲུབས་པས་བཀྲོང་ཐུབ་ཚུལ་དང། དེས་ཇག་པ་ལ་དོགས་པ་བསླངས་པས་ནོར་ཚུར་བྱིན་ཚུལ་ ་སློབ་དཔོན་པདྨ་ས་འོག་དཔལ་གྱི་སྒོར་གཤེགས་ཚུལ། དེ་མངལ་སྐྱེས་བཟང་ཚུལ། ་ཙཱ་རུའི་བཟའ་བ་ནི་བཟའ་བ་ཡིད་དུ་འོང་བ། ་བྱང་ཕྱོགས་སོ་བདུན་བྱེ་མདོ། སེམས་ཙམ། དབུ་མ་ནས་བཤད་པའི་བྱང་ཕྱོགས་སོ་བདུན་ ནས་རིམ་བཞིན་སྔགས་ཀྱི་བྱང་ཕྱོགས་སོ་བདུན་བར་སྐྱེ་དགོས་གསུངས་ཀྱང། དང་པོ་ཉིད་ནས་སྔགས་ལ་འཇུག་པའི་གདུལ་བྱ་ལ་དེ་ལྟར་མི་དགོས། དགོས་ན་སྔགས་ལམ་མྱུར་བའི་ཁྱད་པར་མི་ཐོན་སྙམ་མོ། །་འཇམ་བཞད་ཀྱིས་སྐུ་གསུམ་ ཐོབ་པར་ཞལ་གྱིས་བཞེས་ཚུལ། ་མཁས་གྲུབ་ནོར་བཟང་སྒྱུ་ལུས་འགྲུབ་པར་བཞེས་ཚུལ། དགེ་ལྡན་པའི་གྲུབ་ཐོབ་དེ་འདྲ་མང་ཚུལ། ་གཏོ་དང་མདོས་ལ་སོགས་པ་སྐྱེས་བུ་དམ་བ་མཁྱུད་དཔྱད་ལ་དབང་འབྱོར་བའི་མཁྱུད་དཔྱད་ཀྱི་རྟེན་ འབྲེལ་བསྒྲིག་པ་ཡིན། མཁྱུད་དཔྱད་ལ་ཤིན་ཏུ་མཁས་པ་ནི་ཕ་དམ་པ་ཡིན། རྟེན་འབྲེལ་གྱི་རང་བཞིན་བསྟན་པ་ཡིན། ་འཇམ་བཞད་བགྲེས་པོས་རྒྱུན་དུ་ཤིན་ཏུ་གསང་བར་ཞལ་འདོན་མཛད་པ་དེ་སྔགས་ཡི་གེ་བདུན་མ་འདི་ཡིན་ [006B] བྱེ་ཆེན་རེའི་ཐོག་ལ་སྦྱིན་སྲེག་རེ་ཡང་མཛད་ཀྱི་ཡོད་གསུངས། རྗེ་ཉིད་ཀྱིས་སྒྱུ་མ་མཁན་གཟིགས་པར་ལྟ་བ་ལ་ཕན་རེས་ཆེད་དུ་ཕེབས་ཚུལ། ་རྭ་ལོས་ཡར་ལྷ་ཤམ་པོ་བསྲེགས་གསོས་མཛད་ཚུལ། མིད་ལ་བསྲེགས་མ་ནུས་ ཚུལ་ཡང་གསུངས། རྗེ་བཙུན་མིད་ལ་གཡག་རུའི་ནང་དུ་བཞུགས་པ་ཟུང་འཇུག་འགྲུབ་པའི་རྟགས་ཡིན་ཚུལ་མགུར་གྱི་ཁོག་ན་ཡོད། ༈ གྲངས་་ནས་ཚུགས། འོ་ལགས། རྒྱ་ཆེར་རོལ་བ་ལས། སྲིད་གསུམ་མི་རྟག་ ཞེས་ལྟར། མ་བརྟག་མ་དཔྱད་ན་སྲིད་གསུམ་ཆགས་གནས། བར་བསྐལ་སོགས་གནས་པ་ལྟར་སྣང་ཡང། སྤྲིན་ཅུང་ཟད་གནས་པ་ལྟར་ལས་སྐད་ཅིག་འགྲོ་བ་ལྟར་མི་རྟག། འགྲོ་བ་ལྷ་མི་སོགས་རིགས་དྲུག་སྐྱེ་བ་ནི་གར་འཆམ་གྱི་ཆས་བསྒྱུར་བ་དང་ འདྲ༑ ཚེ་སྐད་ཅིག་འགྲོ་བ་ནི་གློག་ལྟར། རི་གཟར་འབབ་ཆུ་བཞིན་སླར་ལྡོག་པ་མེད་པར་འགྲོ་བ་སོགས། ༈ ལས་མ་འགྲུབ་ན་བོང་བུའི་ཞལ་དུ་བྱས་ནས་བསྒྲུབ་ན་མྱུར་པ། དེ་ལེའུ་མཚམས་ཀྱིས་ཀྱང་ ཤེས། ་བརྡ་མ་ཤེས་ནམ་ཁའ་འགྲོ་རྣམས་མི་དགའ་བ། བཙུན་མོ་མཁས་པ་ཞིག་གི་སྐད་རྒྱལ་པོས་མ་ཤེས་པར་རིད་པར་གྱུར། དེ་མ་དགའ་བ་བྱུང་ཚུལ། ་བུདྡྷ་ཁོང་དུ་ཆུད་པ་སྟེ་ཐུགས་ཀྱི་ཡོན་ཏན་སོགས་ནཱ་རོ་མཁའ་སྤྱོད་ལྟར་ ག་གསུངས་ནས། ཨོཾ་གསུམ་མ་བཟླས་པས་མཁའ་འགྲོ་ཐམས་ཅད་ཀྱི་སྔགས་བཟླས་པར་འགྱུར་བ་ཡང་སྐུ་གསུང་ཐུགས་ཀྱི་རིགས་ཀུན་གྱི་སྔགས་བསྡུ་བའི་ཆ་ནས་ཡིན། རྩ་རྒྱུད་ཚེ་སྨོན་གླིང་སྦར་མ་གྲངས་་མངོན་པར་ཞེན་པ་ནི་འདོད་ཆགས་ [007A]༄༅། །སྦས་དོན། ་འཇིགས་པར་བྱེད་བ་ལས་འཕྲོས། ཚར་ཆེན་གྱིས་ཕྱག་ཕྲེད་ཁྱེར་ནས་དེད་ཚུལ་གྱི་ལོ་རྒྱུས་ཡོངས་གྲགས་རྣམ་ཐར་ལྟར་གསུངས། ་འོད་བྱེད་མ་ལས་འཕྲོས། ཤེལ་དཀར་བློ་བཟང་བཟོད་པའི་བུ་མོར་ བན་པའི་ཁྲོད་ན་དཔའ་བོ་དཔའ་མོ་མང། རྡོ་རྗེ་ཁ་ལེ་བཅེས་པ་བུད་མེད་ཚེ་སྟོད་ཕྱུག་མོ། ཚེ་སྨད་མཛེ་བྱུང་ནས་ཉམ་ཐག་འཇིགས་རུང་ཞིག་ཡོད། དེ་ལ་སོགས་པོ་ཞིག་གིས་དགའ་འཁྱིལ་འཕོས་པ་མཐོང་བས་ཕྱག་བྱས་ཚུལ། རྗེ་ཉིད་ཀྱིས་འབྲེལ་པ་གོ་རེ་རྡོག་ གཉིས་བྱིན་ཚུལ། ཡང་ཐལ་བ་འཕོ་མཁན་རྒྱད་པོ་ཞིག་ཡོད་པ་མི་འདྲ་བ་ཅི་ཡང་མེད་ཀྱང། གུང་རི་མཁའ་འགྲོ་མས་དེ་ལ་འོད་དཀར་པོ་འཁྱིལ་ལེ་ཡོད་པ་གཟིགས། མནའ་བསྐྱལ་ནས་གསན་ཚུལ་དང། འབྲེལ་བཞག་ཚུལ། ་རྩལ་དང། ནུས་ པ་དང། མཐུ་རྣམས་ལ་སྐད་དོད་ཐུན་མོང་བ་ཡོད་པ་ནུས་པ་བཏོན་ནས་སོགས་གསུངས། ༈ གྲངས་་ནས་ཚུགས། དཔལ་ཧེ་རུ་ཀའི་གསུང་ལས། རྐང་པ་བརྐྱངས་པ་ཚེ་འདིར་ལྷོད་ལྷོད་བྱས་ནས་མི་སྡོད་པ། འཁོར་ བའི་མངག་གཞུག་བྱེད་དུ་འཇུག་མཁན་ནི་ཉོན་མོངས། རང་སེམས་ཀྱི་དབང། སེམས་ཉོན་མོངས་པའི་དབང་དུ་སོང་ནས་འཁོར་བའི་མངག་གཞུག་བྱེད་པ་ཡིན། རྩ་རྒྱུད། བྱཱགྷྲ། འདི་ལ་འ་ཆུང་ཞིག་ཡོད་དགོས་འདྲ་དཔྱད། སྦས་དོན་་ ཀལྤ་རྒྱ་སྐད། བོད་སྐད་དུ་བསྐལ་པ། རྒྱ་སྐད་ལ་བ་མི་སྦྱར། ་འཛིན་པ་ནི་ཡུལ་ཅན་ཤེས་པ། ་ཀྵྨཾ། ཞེས་པའི་ཀཾ་ཞེས་པ་ལ་དོགས་སློང་མཛད། ས་གསུམ་ཡོངས་གྲགས་ས་འོག་སོགས་གསུམ། མཁམས་གསུམ་དང། དུས་འཁོར་ [007B] དེ་སོགས་རྩ་སྔགས་ཀྱི་དྲང་ངེས་ལ་གསུང་བཤད་རྒྱས་པར་མཛད། འདོད་པའི་བསྟན་བཅོས་ནི་འཇིག་རྟེན་པའི་བསྟན་བཅོས། དེ་ནས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་བཤད་པ། ་ སྔགས་ཀྱི་གསང་བ་དང། བྱང་སེམས་སོགས་ད་ལྟ་མི་ནུས་པ་རྣམས་ལ་སྨོན་ལམ་བྱས་ན་ལྟུང་བའི་ཉེས་པ་ཁེགས་ཤིང། བསྲུང་བའི་ཕན་ཡོན་འབྱུང་གསུངས། བསྐྱེད་རིམ་པ་ལ་སྤྱོད་པ་མ་བཀག་པ་ལས་འཕྲོས། རྭ་ལོས་བྱ་འདུལ་འཛིན་བཀྲོངས་པའི་ ལོ་རྒྱུས་ཀྱང་གསུངས། ཇོ་བོ་རྗེ་དང། ཞི་བ་ལྷ་སོགས་བསྙེན་པར་མ་རྫོགས་གོང་སྤྱོད་པ་མཛད་ཚུལ་གསུངས། ་སྟོང་ཉིད་ལ་ཤེས་རབ་ཅེས་འདིར་གསུངས་པ་འདི་ཡིན། སྟོང་ཉིད་དགེ་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་དག་མ་དག་གི་བརྟན་གཡོ་ ཐམས་ཅད་སྟོང་ཉིད་ལས་འབྱུང། སྟོང་ཉིད་རྒྱུ་འབྲས་སུ་འཆར་ཞེས་པ་ཡང་དེ་ཡིན། སྟོང་པ་ལས་རྟེན་འབྱུང་བྱུང་ཚུལ་ཡིན། སྟོང་པ་ཡིན་བའི་དྲིན་ལ་བརྟེན་ནས་མི་དགེ་བ་ལས་དམྱལ་སོགས། ཚོགས་གཉིས་ལས་རྫོགས་བྱང་སོགས་འབྱུང་བ་ཡིན་ སྟོང་པའི་ངང་ལས་ཞེས་འབྱུང་ཁུངས་ཀྱི་སྒྲ་སྦྱར་བ་དེ་སྟོང་ཉིད་ལས་དེ་དག་འབྱུང་བའི་དོན་ཡིན། འབྱུང་ས་དེ་མེད་ན་དེ་ལས་འབྱུང་རྒྱུ་དེ་རྣམས་ཚུལ་བཞིན་ག་ལ་ཡོང། ཀློང་རྡོལ་གྱིས་ཁ་ཡ་མི་ཁྱོག་ཅེས་གསུངས་པ་སླར་ཡང་གསུངས། དེས་ན་ གཡོན་པའི་ཀུན་སྤྱོད་བྱེད་སྐབས་སྟོང་ལས་རྟེན་འབྱུང་ཕྱུང་ཚུལ་སོགས་དོན་དེ་ལྟར་བསམ་དགོས། བླ་མས་ཀྱང་ལེགས་པར་མ་བསམས་པར་བཤད་ན་རི་མོའི་ཆོས་ཉན་ལྟར་འགྱུར་ཚུལ། རྩ་ཤེའི་རབ་བྱེད་ཀུན་ཀྱང་འདི་ཡིན། ཡུམ་རྒྱས་ [008A]༄༅། །འབྲིང་བསྡུས་གསུམ་ཡང་འདི་ཡིན། ་ཕུལ་བྱུང་བརྗོད་པའོ་ཞེས་པ་སྙན་ངག་གི་ཕུལ་བྱུང་གི་རྒྱན་ལྟར་འདུ་ཆེན་པོ་བརྗོད་པའོ། ། ༈ གྲངས་་ནས་ཚུགས། ཞི་བ་ལྷས། དེ་བཞིན་ གཤེགས་པ་འབྱུང་བ་དང། །་ད་རེས་འཛོམས་པའི་སྐབས་འདིར་མ་བྱས་ན་ཕྱིས་དཀའ་བ། དལ་འབྱོར་སྟོང་ལོག་བྱེད་པའི་རྒྱུའི་གཙོ་བོ་ཚེ་འདིའི་ཕུན་ཚོགས་ལ་ཞེན་པ་ཡིན། དང་པོ་ཐོས་པའི་སྐབས་ནས་མ་འཕྱུག་པ་གལ་ཆེ། ཚེས་གཅིག་ནས་ འཕྱུག་ན་གནམ་གང་བར་བཞིན། ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མེ་ཆེན་པོ་ལྟ་བུའི་སྔ་རོལ་ཏུ་དྲོད་འབྱུང་བ་སོགས་བཞི་གཞུང་ཆེན་མོར་སྦྱར་ཏེ་གསུངས། ་ཁྱིའི་སྐྱེ་བ་སོགས་རྣམས་མིན་མནར་མེད་དུ་མྱོང་ནས་དེ་ནས་ཐར་ཀྱང་ཁྱིར་སྐྱེ་བ་སོགས་ གསུང་བཤད་དུ་ཡོད། འདི་ལས་འཕྲོས། དགེ་བའི་བཤེས་གཉེན་བསྟེན་ཚུལ་དང། རྗེ་ཉིད་ཀྱི་རྣམ་ཐར་མདོར་བསྡུས་གསུངས། ་ཨཱ་ལི་ཀཱ་ལི་ཞེས་པ་ཨཱ་ལིའི་ཕྲེང་བ་ཡིན་པས་ཨ་ཕྲེང་དང། ་ཀ་ཕྲེང་ཞེས་ཟེར། ༈ པས་འཕྱིས་ཞེས་པ་གསལ་བྱེད་སྲོག་མེད་བརྗོད་མི་བདེ་བས་བརྗོད་པའི་དོན་དུ་བཅུག་པས་དེ་འཕྱིས་ཞེས་པའོ། །རྒྱུད་་རྒྱུད་ཀྱི་ཕྱོགས་ན་ཡང་སྡེ་བཞི་གསུངས་འདུག་གསུངས། འདི་བཞི་ནི་ཆོས་ཀྱི་འབྲས་བུ་ཐར། ནོར་གྱི་འབྲས་བུ་འདོད་པ་ཡིན་ སྦས་དོན་་འཇུག་བར། མི་རྣམས་ལོངས་སྤྱོད་ཀྱང་ཚིག་དང་པོ་འདི་བྱེད། གཉིས་པ་འདི་མི་བྱེད་གསུངས། ་ཞལ་བཞི་བའི་སྔགས་འདི་གཟུངས་འདུས་ན་རྒྱལ་གདོན་བསྲུང་བའི་སྔགས་སུ་ཡོད་པས་རྒྱལ་འགོང་ལ་ཡང་མཆོག་ [008B] སྙིགས་དུས་འདོད་ཞེན་དང་སྲེད་ཞེན་འཕེལ་བས་རྒྱལ་འགོང་དར་བ་ཡིན།་རྒྱ་གར་ན་གཡོན་པས་སྦྱིན་པ་སོགས་མི་དགའ་བའི་ཚུལ་སྤྱོད་འཇུག་ལྟར་གསུངས། ་རལ་གྲིའི་རིག་འཛིན་ལས་འཕྲོས། ཕྱི་རོལ་པས་བསྒྲུབས་ པའི་གྲོགས་དགེ་བསྙེན་གྱིས་བྱས་པའི་ལོ་རྒྱུས་རྒྱས་པར་གསུངས། བཅུང་ལེན་ལས་འཕྲོས། ཀླུ་སྒྲུབ་ཀྱི་ལོ་རྒྱུས་གསུངས། ་དག་ཕྱོགས་ས་ཞེས་པ་ངག་ཕྱོགས་དང། དག་ཕྱོགས་གཉིས་དཔྱད་དགོས། ་ཇོ་བོ་ལྟ་བུ་ཞིག་ ལ་མཆོད་སྐབས་རྒྱལ་བ་ཐམས་ཅད་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་གོ་བ་ཡོད་ན་ཐམས་ཅད་མཆོད་པའི་ཕན་ཡོན་འབྱུང། བླ་མ་ལ་ནི་དེ་འདྲའི་གོ་བ་མི་ཤེས་ཀྱང་སངས་རྒྱས་ཐམས་ཅད་མཆོད་པའི་ཕན་ཡོན་འབྱུང། བླ་མ་རྒྱལ་བ་ཐམས་ ཅད་ཀྱི་བྱིན་རླབས་འཇུག་པའི་སྒོ་དང། མཆོད་པ་བཞེས་པའི་སྒོ་ཡིན། ་འཇམ་བཞད་ཀྱིས། བཟླས་བརྗོད་སོགས་རང་ལ་བསྟོད་ཚུལ་གསུངས། ༈ གྲངས། ་ནས་ཚུགས། རྒྱལ་སྲས་ཤཱནྚ་དེ་བས།་འཇིག་རྟེན་ ན་ད་ལྟ་གདུངས་པ་མང་དུ་ཡོད་ཀྱང་དེའི་གྲལ་དུ་རབ་རེ་མ་སོང་བ་སོགས། འཚོ་བས་ཕོངས་པ། འཚེ་བ་དང་བཅས་པ་མང་དུ་ཡོད་ཀྱང་རང་རེ་དེའི་གྲས་སུ་ཡང་མ་སོང་བ་བསམ་དགོས་ཚུལ། ་བྲམ་ཟེ་གསོད་པ་ནི་སངས་རྒྱས་གསོད་པ་དང་འདྲ་གསུངས་ ་གསང་བ་ལས་འཕྲོས། རས་ཆུང་བའི་ལོ་རྒྱུས་གསུངས། བྲམ་ཟེའི་སྐད་དོད་པྲ་ཧ་མ་ན་ཞེས་པ་ཚངས་པ་ལ་འཇུག་པས་ཚངས་པའི་མཐར་ཐུག་སངས་རྒྱས་ཡིན་པས་དེ་བསད་པས་དེ་དང་འདྲའོ། །་བསྡུས་པ་རིགས་གཅིག་ཏུ་བསྡུས་པའམ་ [009A]༄༅། །སྤྲུལ་པ་བསྡུས་པ་གང་ཡིན་གསུངས། འོག་ཏུ་མི་ལྡོག་མའི་རིགས་མིན་ཞེས་གསུངས་པས་རིགས་སུ་བསྡུས། གཙོ་བོའི་ཡེ་ཤེས་གཅིག་པུ་དེ་སེམས་དཔའ་དང་ཁྲོ་བོ་སོགས་ཀྱི་རྣམ་པར་ཤར། དེ་འདིར་དཔའ་ བོ་དང་དཔའ་མོ་སོགས་ཡིན། འདི་དག་ཕྱིའི་སྐུ་གདུལ་བྱ་དེ་དང་དེ་བསྐྲད་ནས་དེའི་ལུས་ཀྱི་ནང་དུ་བཞུགས་པ་ཡིན་པས་ཕྱི་དེ་རང་ཡིན། ༈ མདོ་སྡེ་རྒྱན་ནས་སངས་རྒྱས་ནས་གཅིག་ཏུ་འདྲེས་པར་གསུངས་ པའི་ཚུལ་ལ་ངེས་པ་འདྲེན་དགོས། སངས་རྒྱས་མེད་པའི་ས་ཕྱོགས་མེད་ཅེས་པ་ཡང་འདིར་ཤེས་དགོས། ཟུང་འཇུག་གི་ཡོན་ཏན་ཡིན། མིད་ལའི་རྣམ་ཐར་སྦྱར་ཏེ་གསུངས། བཀྲ་ཤིས་འཁྱིལ་གྱི་བླ་རྒན་ཞིག་གིས་ཆབ་གསང་དང་ཤ་བསླངས་པའི་ལོ་ རྒྱུས་ཀྱང་གསུངས། ་སྙིང་རྗེ་ནམ་མཁའི་མཐའ་ཁྱབ་དང། དམྱལ་བ་སོགས་བཞག་སྟེ། རིགས་མཐོང་ས་ལ་བསམ་དགོས། ་པྲ་འབེབས་ལས་འཕྲོས། བཀྲ་ཤིས་འཁྱིལ་དུ་དབང་ཕག་བླ་གསར་ཞེས་པ། སོག་པོ་བརྟན་བརྟན་ མགོན་པོ་རྡོ་རྗེ་རྣམས་ལ་རིམ་བཞིན་ཆིག་བརྒྱུད་ཅིག་ཡོད་པ་རྗེ་ཉིད་ནས་གསན་མ་ཐུབ་ཚུལ་གསུངས། ༈ གྲངས་་ནས་ཚུགས། འོ་ལགས། ཀླུ་སྒྲུབ་ཀྱིས། གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང། །་བྱང་ ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཀུན་སློང་གིས་གསན་ན་ཕན་ཡོན་མཐའ་མེད་པ་སོགས། ་བུད་མེད་མེར་མཆོངས་པའི་ཡུལ་ཆོས་ལས་འཕྲོས། ཀཉྩིའི་ཡུལ་གྱི་སོགས་གསུངས། ༈ [009B] ་ཡིད་ཆེས་ཡོད་ན་རིག་སྔགས་མེད་ཀྱང་འགྲུབ་པ་ཕྱུགས་རྫིས་ལྷ་མོ་ནག་མོའི་རྡོ་སྐུ་ལ་ཟས་ཀྱིས་མཆོད། གསོལ་བ་བཏབས། གཞན་ཞིག་གིས་དེའི་རྒྱབ་ཏུ་ཡིབས་ཏེ་ཡོང་ཡོང་ཞེས་སྨྲས་པར། ཁོས་ དངོས་སུ་བསམས་པས་དེ་མ་ཐག་ངག་གི་དངོས་གྲུབ་ཐོབ་ཚུལ། ་ཆོས་སྒྲུབ་པ་ལ་ངང་རིང་གལ་ཆེ། ལས་ཚོགས་འདི་དག་ཀྱང་རྒྱུད་འདྲ་འདོན་ཚེ་སྨོན་ལམ་འདེབས་དགོས། རང་རེ་ཚེ་འདི་རང་ལ་དགོས་པ་འདིས་བསླུས། བདག་གི་བླ་མ་རབ་བྱུང་མཁན་པོ་ དགུང་ལོ་བརྒྱ་ལྷག་བཞུགས་པ་སྨྱུང་གནས་གུང་སྦྲེལ་རྐྱང་པས་སྐུ་ཚེ་འདས་པ་དེ་ལ་ཁྱེད་ཀྱིས་རྟོགས་པ་རྙེད་ཡོད་འགྲོ་ཞུས་པར། ཁྱོད་དགེ་བཤེས་མཁས་པ་ཞིག་ཡིན་ཟེར་ཀྱང་གང་ཡང་མི་ཤེས། ངས་ཚེ་རྗེས་མ་ལ་འཕགས་པས་རྗེས་སུ་བཟུང་ནས་མྱུང་ གནས་པ་ཞིག་བྱས་ཏེ་རིམ་བཞིན་བགྲོང་ཐུབ་རེ་ལས་གཞན་གང་ཡང་མེད་གསུངས། དེ་འདྲ་ནང་རིང་དགོས། ཁོང་གིས་གུང་ཐང་འཇམ་དཔལ་དབྱངས་ཀྱི་ཞབས་ཟིན་པ་ཡིན། གཞན་དུ་བསྒྱུར་བ་འདི་རྣམས་གཞན་དབང་དུ་བྱ་བ་ཡིན། ་འཕྱན་པ་ ཞེས་པ་འཁྱམས་པ། ་དྲ་བ་ནི་མང་པོ་འདུས་པ་ལ་བྱད། ་ཉལ་དང་སོགས་ཉལ་ནས་སྔགས་བཟླ་ཆོག་པ་སོགས་འདི་ཡིན། འོན་ཀྱང་བསྙེན་གྲངས་སུ་མི་བརྩི་གསུངས། ་གནས་ལས་འཕྲོས། པ་རྣམ་ཇོ་མོ་ལྷ་རིའི་སྒྲུབ་ཆེན་ལ་མོ་མཛད་ ཚུལ་གསུངས། བྲག་སྒྱ་རྡོ་རྗེའི་ཕོ་བྲང་དུ་ཡང་དེ་འདྲ་ཞིག་ཡོད་པ་མ་འཕྲོད་པར་སླར་འོག་དེར་སྤོས་ཚུལ། ་ཀུན་ཏུ་གསན་དང་པོ་ཟུང་འཇུག་གི་ཡོན་ཏན་ཡིན། འདི་འདྲ་མདོ་ཕྱོགས་སུ་གསང་བ་བསམས་གྱིས་མི་ཁྱབ་པའི་མདོ་ན་ཡོད། བསྟོད་ [010A]༄༅། །སྤྲིན་རྒྱ་མཚོར་ཡོད་པ་དེ་ཡིན། བ་སྤུའི་ཁུང་བུ་རེར་སངས་རྒྱས་བྱང་སེམས་ཉན་རང་སོགས་མཛད་པ་དུ་མ་སྟོན་པ་དྲན་དགོས། དེ་དྲན་ན་བླ་མ་ལ་དད་པ་རྣལ་མ་སྐྱེ། རང་གིས་མཐོང་ཚོད་ལྟར་བཟུང་བས་དད་པ་མ་སྐྱེས་ པ་ཡིན། ཁྱོད་ཀྱི་མཐོང་ཚོད་ལྟར་བདེན་ན་ཁྱོད་ཆོས་ཐམས་ཅད་ལམ་འཁྲུལ་བའི་ཚད་མ་རྙེད་པ་ཡིན་ནམ། དེས་ན་ཁྱོད་སངས་འཕགས་ཡིན་དགོས་ཞེས་བྱས་ན་ཅུང་ཟད་ཞུམ་ཡོད། གུང་ཐང་བས། འདི་ཕྱིའི་སྐྱབས་སུ་བདེན་ཁ་རང་ཞེས་གསུངས་ དེ་རང་ལྟ་མཆོག་འཛིན་འདིས་བླ་མའི་ཡོན་ཏན་མ་མཐོང་བ་ཡིན། མི་སྟོང་ལ་བསམས་ཀྱང་རྒྱུས་ཡོད་བསམས་ན་དེའི་དཀྱིལ་ནས་སངས་རྒྱས་ཡིན་པ་གཅིག་ཀྱང་མི་རྙེད། གདུལ་བྱའི་དབང་གིས་མཐོང་ཚུལ་ཙམ་ལས། དོན་ལ་རང་གིས་མཐོད་བ་ལྟར་བདེན་ པར་མ་ངེས། སྤྱན་རས་གཟིགས་ལྟ་བུ་ཞིག་ལ་ཟུང་འཇུག་གི་ཡོན་ཏན་དེ་ལྟ་བུ་དྲན་ནས་མ་ཎི་བགྲང་ན་གཞན་གྱིས་དུང་ཕྱུར་བཏོན་པ་དང་ཡང་མི་འདྲ། གསང་འདུས་རྩ་རྒྱུད་ལས། ཁྱོད་ཀྱི་ལུས་སེམས་ལྟ་བུ་དང་ཞེས་སོགས་སྦྱར་ཏེ་རྡོ་རྗེ་གསུམ་མི་ ཕྱེད་ཚུལ་གསུངས། དེ་འདྲའི་ཟུང་འཇུག་གི་སྒྲུབ་གཞི་རླུང་སེམས། རླུང་གནས་པའི་ཆ་ནས་སེམས་དང། སེམས་གཡོ་བའི་ཆ་ནས་རླུང་ཞེས་པ་ལས་ཟུར་དུ་མེད། དེ་ལྟའི་རླུང་སྐུ། སེམས་ཐུགས། རླུང་དེའི་སྐད་ཀྱི་གདངས་དེ་གསུང་བཅས་ ཀྱི་སྒྲུབ་གཞི་ཡིན། གདགས་གཞི་ཕུང་ལྔ་སོགས་རགས་པ་མཚོན་ཙམ་ལ་མཐར་ཐུག་འདི་ཡིན། སྔགས་ཀྱི་ཐུན་མོང་མིན་པའི་སེམས་བསྐྱེད་ཀྱང་ཐོབ་བྱ་ཟུང་འཇུག་ལ་གོ་བ་ཆགས་ནས་དེ་ལ་ཐོབ་བྱར་བྱེད་པ་དགོས། སེམས་བསྐྱེད་པ་ནི་ཡང་ [010B] །སོགས་སྦྱར་ནས་གསུངས། ཆོ་གའི་འགོའི་ཁྱད་པར་མ་དེའི་ཆེད་དུ་རྡོ་རྗེ་འཇིགས་བྱེད་ལྟ་བུ་བརྗོད་སྐབས་ཀྱང་དེ་འདྲའི་ཟུང་འཇུག་དྲན་དགོས་ཚུལ། ༈ ཕེབས་ལམ་དུ་བཀའ་འདྲི་ཞུས་པ། བླ་མ་སྨྱུང་གནས་ བདེ་དགུ་བ་ལོ་ཡོངས་གྲགས་བརྒྱ་དང་བཅུ་དྲུག་བཞུགས་པར་ཁོང་རང་ཉིད་ཀྱིས་ཞལ་གྱིས་བཞེས་ཀྱང་དེས་མི་ཚད་ཚོད་རེད། ་དེས་རྩིའུ་བ་ཞེས་པ་ལས་བཀའ་འགྱུར་གསན་བ་ཤིན་ཏུ་སྔ་བ་ཡིན་ཚོད། དེ་དུས་འདི་སྐད་བདག་ཐོས་རེ་རེ་ལ་གཟན་ཕབས་ བསོ་སྦྱོང་ལྟར་དང། མངོན་པར་བསྟོད་དོ་ར་རེ་བཞིན་སློབ་མཚང་མས་མེ་ཏོག་འཐོར་བའི་ཕྱག་བཞེས་འདུག། དེ་རྗེས་བཀའ་འགྱུར་བ་ཆེན་པོ་དཀོན་མཆོག་ཆོས་འཕེལ་གྱིས་གནང་དུས་དེ་ལྟར་མི་འདུག་གསུངས་གསུངས། ༈ གྲངས་་ནས་ ཚུགས། འོ་ལགས། བཤེས་སྤྲིང་ལས། བསྙིངས་དང་བྲལ་ལ་སེམས་ནི་ཆོས་ཀྱི་རྩ་བ་་ཞེས། གདམས་ངག་གི་དོན་པོ་ནི་གནད་འགག། དེ་གང་ཡིན་ན་སེམས་ཐུལ་ཞིག་ཅེས་གསུངས། དེ་ནི་དྲན་ཤེས་བཞིན། དེ་ཡང་གླང་ཐང་བས། བཙན་ ཐབས་གདོང་ནས་ཟློག་བར་ཤོག། གསུངས་པ་བཞིན་སྤྱོད་ལམ་ཀུན་ཏུ་བལྟ་དགོས་པ། སེམས་ནི་སོགས་འདི། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང། །སོགས་སེམས་ཐུལ་དགོས། དེ་ཡང་ཐོས་པ། དེ་ཡང་གནད་དུ་སོང་བ་ཞིག་དགོས་གསུངས། ལེའུ་དང་ མདོར་བསྟན། དེ་ནས་ལྔ་བཅུའི་བར་གྱིས་རྒྱས་བཤད། ཐ་མ་འདིས་དེ་དག་གི་དོན་མཐའ་དག་དེ་ཉིད་བཅུ་བཞིར་བསྡུས་ནས། དེ་ལ་བསྐྱེད་རིམ་དང། བསྐྱེད་རིམ་དེའི་ངོས་དོན་གྱི་སྟེང་ནས་རྫོགས་རིམ་ཡང་ཟད་ཀ་ཐད་ཀར་བསྡུ། ་བསྟན་དུ་བྱ་བ་ [011A]༄༅། །འཁྱུད་པའི་དོན་ན་སྐྱེད་པར་བྱེད་པ་སོགས་སྐྱེད་བྱེད་རྒྱུའི་མཚན་ཉིད། བསྐྱེད་བྱ་འདྲས་བུའི་མཚན་ཉིད་སོགས་ལ་སྦྱར་ནས་གསུངས། བ་ལག་པའི་མཆོད་པ་ཞེས་བའི་འབྲེལ་སྒྲ་འདི་འབྲུ་མང་པོའི་བསྡུ་བ་ ཡིན༑ ་མཚམས་འདིར་དུས་འཁོར་བསྐྱེད་ཁྲིད་ཚུགས། ཉིན་བཅུ་གཅིག་པར། གྲངས་བ་ནས་ཚུགས། འོ་ལགས། བཤེས་སྤྲིན་ལས། ཐར་པ་བདག་ལ་རག་ལས་འདི་པ་ནི། །གཞན་གྱིས་གྲོགས་་ཡང་ཀླུ་སྒྲུབ་ཀྱིས། ་ལས་དང་ཉོན་མོངས་ཟད་པས་ཐར། །་ དང་པོ་ཐོས་པས་ཤེས་པར་བྱེད། དེ་ནས་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ་སོགས་རིམ་བཞིན། བདེན་བཞིའི་བླང་དོར་འདིར་གསུང་རབ་ཐམས་ཅད་འུབ་ཀྱིས་བསྡུས། སྡུག་བསྔལ་ཤེས་པར་བྱ་སོགས་ངན་སོང་གི་སྡུག་བསྔལ་ཤེས། དེའི་རྒྱུ་སྤོང་བ། ངན་ སོང་གི་སྡུག་བསྔལ་དང་བྲལ་པ་འགོག་པ་སོགས་སྐྱེས་བུ་ཆུང་ངུ། དེ་ནས་འབྲིང་གི་བདེན་བཞིན། ངེས་འབྱུང་ལ་འཁོར་བ་ལ་ཡིད་འབྱུང་ཙམ་མིན་པར་ཐར་པ་ཐོབ་འདོད། བདག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པའི་བློ་ཐོས་བསམ་སྒོམ་གསུམ་གྱིས་རིམ་ བཞིན་བསྐྱེད། དེ་ནས་མངོན་སུམ་དུ་རྟོགས་པ་མཐོང་ལམ། མཐོང་ཟིན་བསྒོམ་པ་ལམ་སོགས། དེའི་སྟེང་དུ་ཆེན་པོའི་བདེན་བཞིའི་ཁ་ཕར་སེམས་ཅན་ལ་བསྐོར་ཏེ། སེམས་ཅན་སྡུག་བསྔལ་གྱི་སྨན་རབ་ཤེས་པར་བྱེད། དེ་ནས་དེའི་རྒྱུ་སྡུག་ ཀུན་སྤོང་བའི་ཕྱིར། རང་ཉིད་རྫོགས་བྱང་འགོག་བདེན་ཐོབ་འདོད། དེ་ལ་ལམ་བདེན་ཡང་ལྟ་བ་མཐར་ཐུག་ཐལ་འགྱུར་བའི་ལྟ་བ་རྟོགས་པར་དགོས་པ། དེ་ནས་་དག་སན་བདེན་གཞི་སྦྱར་ཚུལ། མ་རིག་བག་ཆགས་ཀྱིས་དང་ཟག་མེད་ཀྱི་ལས་ལ་ [011B] མ་ངག་ས་བདུན་གྱི་གནས་སྐབས་དེ་ཡོད་ཀྱང་འབོད་རྩོལ་དང་བཅས། སྡམ་འབད་རྩོལ་མི་དོགས། གཉིས་སྣང་པ་འཁྲུལ་པའི་བག་ཆགས་ཀུན་འབྱུང། ་སྔགས་ལ་སྦྱར་ཚུལ། ་མདོར་ན་ཆོས་ཐམས་ཅད་བདེན་ བཞིར་བསྡུས། དེ་ཡང་སྤང་བྱ་བླང་བྱ་གཉིས་སུ་མ་འདུས་པ་མེད། དེའི་སྤང་བྱའི་ཕྱོགས་སྡུག་ཀུན་དང། བླང་བྱའི་ཕྱོགས་འགོག་ལམ་སྦྱར་ཏེ་གསུངས། ༈ ལའུ་ནག་དྲིལ་གསུམ་འདིར་རྒྱུད་ཀྱི་ཁུངས་དང་ གྲུབ་ཆེན་གྱི་མན་ངག་དང་སྦྱར་ནས་ཡོད། ༈ ཐོགས་མེད་བཞིན་ལྷའི་མཐུ་ལ་བརྟེན་ནས་ཡར་འགྲོ་བ་ཡིན། ཐོགས་མེད་ཀྱིས་བྱམས་པའི་ན་བཟའ་ལ་འཇུག་ནས་ཕེབས། ལྟར་ནཱ་ཐ་གྷནྡྡྷ་རིའི་རིག་སྔགས་ཀྱིས་བགྲོད་ པ་ཡིན། ཁོང་མི་འདྲ་བཞིག་གསུངས་མཁན་ཞིག་ཡིན། ༈ ལུས་འདིས་མཁའ་སྤྱོད་དུ་སླེབས་ན་ཕན་ཡོན་སྤྱི་ལྟར་ལ་རྩ་ཁམས་ཀྱང་དག་པའི་དཔའ་བོ་སོགས་དང་སྐལ་མཉམ་འགྱུར། ཁམས་དྲུག་ལྔ་ན་ཡིན་ ཆུང་ངུ་འཛམ་གླིང་གི་གནས་སོ་སོའི་སྟེང་གི་ནམ་མཁར་ཡོད་ཀྱང་མི་མཐོང། འདོད་ལྷ་ཡང་མི་མཐོང་ན་དེ་ག་ལ་མཐོང། གཙོ་བོ་ནི་རི་རབ་ཀྱི་སྟེང་གི་ནམ་མཁར་ཧེ་རུ་ཀའི་དཀྱིལ་འཁོར་མ་བསྡུས་པར་ཡོད་པ་དེ་ཡིན། སྤྱིར་འཐབ་བྲལ་ཡན་ས་ལ་མི་ བརྟེན་པས་མཁའ་སྤྱོད་ཟེར་བ་ཡོད། དཔའ་ལྡན་ལ་ཡང་མཁའ་སྤྱོད་ཅེས་འཇིགས་མེད་དབང་པོའི་དགའ་ལྷའི་སྨོན་ལ་མན་ཡོད། དེའི་དོན་གོང་བཞིན་མཁའ་ལ་བརྟེན་པས་ཡིན། འགའ་ཞིག་ཐུན་མོང་བའི་སྣང་ངོར་དགའ་ལྡན། མཐུན་མིན་མཁའ་སྤྱོད་ [012A]༄༅། །ཡིན་ཟེར། ༈ རང་རང་གི་སྐལ་བས་བཟང་ངན་ཅི་རིགས་ཡོད་ཚོད། སྤྱི་མཐུན་གྱི་འཕེན་བྱེད་རྫོགས་བྱེད་ཀྱི་དཔེ་བཅས་གསུངས། མཁའ་སྦྱོང་ཞིང་བཀོད་རྒྱུད་སོགས་ཞིབ་གསལ་ མ་མཇལ། ཀིརྟི་ཐོགས་མེད་ལ་ཞིང་བཀོད་ཞུས་ཚུལ་གསུངས། ༈ བཤན་པ་ལས་དག་ཅིག་ལ་བུད་མེད་ཅིག་གིས་ཤ་རྟག་པར་རིན་མ་བྱིན་པར་ཉོས་པས། ཉིན་གཅིག་རིན་འདོད་དུ་བུད་མེད་དེའི་རྗེས་སུ་སོང་བས་ས་ཕུག་གཏིང་ རིང་ནས་མཁའ་འགྲོ་གཙོ་འཁོར་ལྔ་བཞུགས་པ་མཇལ། གཙོ་མོ་དེ་བཟུངས་པས་བཞུགས། གཞན་རྣམས་འཕུར་ཏེ་གཤེགས། གཙོ་མོ་དེའི་དམར་གདུང་ད་ལྟ་ཡང་མཇལ་རྒྱུ་ཡོད། བཤན་པ་དེའི་འདྲ་སྐུ་ཡང་ཡོད་གསུངས། འདི་ས་པཎ་གྱི་་ རྩ་རྒྱུད་ཐོག་མཐའ་བར་གསུམ་གྱི་ལེའུ་འདོན་ཐུབ་ན་ཡང་ཤིན་ཏུ་ལེགས། ༈ ༈ སྡུད་པ་ལས། དཔེར་ན་ཚོང་པ་རིན་ཆེན་གླིང་དུ་སོང་ ནས་ནི།། ་ཐོས་བསམ་སྒོམ་གསུམ་གང་བྱེད་རང་དབང་མོད་པའི་སྐབས་འདིར་སྙིང་པོ་ལེན་དགོས། ཟངས་རྡབ་རི་རྐེད་སོགས། ཡར་མཐོ་རིས་་མར་ངན་སོང་་ཞེས་མིད་ལས་མར་པ་ལ་རྟོགས་པ་ཕུལ་བ་ཡིན་སོགས། ། མོས་པ་དུ་མའི་སོགས་ཐུབ་པས་ཆོས་གསུངས་པ་ཐམས་ཅད་རང་གི་ཐུགས་ཀྱི་དབང་དུ་མི་བཏང་བར་སེམས་ཅན་གྱི་མོས་པ་དང་བསྟུན་ནས་གསུངས་པ། སྤྱོད་པ་སྣ་ཚོགས་སོགས་ཀྱིས་དམན་པ་ལ་མོས་པ་སོགས། དེ་ཡང་སྐུ་ཐུན་མོང་སྣང་ཆོད་ [012B] དེ་ལས་མཆོག་ཏུ་གྱུར་པ་ལ་བྱང་སེམས་སྡེ་སྣོད་ཕལ་ཆེན་སོགས། གཞན་ཡང་འཁོར་བསྒྱུར་གྱི་ཆ་ལུགས། དྲི་ཟ༑ མ་ག་བྷ་བཟང་མོའི་གཏམ་རྒྱུད་ལྟར་སོགས། སྣ་ཚོགས་ཚུལ་གྱིས་ཞེས་པ་གཅིག་བསྟན་པས་མི་གྲོལ་བ་ ལ་སྣ་ཚོགས་པས་བཀྲིས་བ། བརྡ་སྤྲོད་་ཕྱི་མོ་ཀློག་འཇུག་་ཞེས་པ་ལྟར་ཐུབ་པས་སེམས་ཅན་རྣམས་གྲྭ་པ་གསར་དུ་བྱེད་པ་ལ་འཇུག་པ་ནས་མཐར་ཕྱིན་པའི་བར་བསྟན་པ་བཞིན་དུ་མཛད། ལྷག་པར་སྟོང་ཉིད་བསྟན་རིམ་རིམ་བཞིན། སྟོང་པ་ཞི་བ་ ་ཐབས་ཀྱི་ཚུལ་དང། རིགས་པའི་སྒོ་བརྒྱ་ཕྲག། དང་པོར་རྟག་གཅིག་རང་དབང་ཅན་གྱི་བདག་བཀག་ནས་དེས་སྟོང་པ་བསྟན། དེ་ནས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ། དེ་ནས་ཕྱི་རོལ་དོན་དུ་མ་གྲུབ་པའི་སྟོང་པ་དང། རང་འཛིན་རྟོགས་ པའི་ཞེ་ན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་པ། དེ་ནས་བདག་མེད་པའི་ཚུལ་མི་འདྲ་བ་རང་རྒྱུད། དེ་ནས་མཐར་ཐུག་ཐལ་འགྱུར་བའི་ལྟ་བ་སོགས་བསྟན་པ་ནི་ཐབས་ཚུལ་བརྒྱ་ཕྲག་གི་ཚུལ་ཡིན། རིགས་པ་བརྒྱ་ཕྲག་ནི། གཅིག་དུ་བྲལ་ རྟེན་འབྲེལ་སོགས་དབུ་ཚང་ནས་རིགས་པ་མཐའ་ཡས་པ་གསུངས། མིད་ལས། རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། །སོགས་ཀྱང་ཉམས་མཚར་དུ་གསུངས། གལ་ཏེ་མོས་པར་མ་གྱུར་ཀྱང།། ་བསམ་མི་ཁྱབ་་མི་ཁྱབ་་མི་ཐུབ། སོ་སོར་རང་རིག་སོགས་ གང་གི་སོགས། རང་གིས་མཚམས་དྲན། སངས་རྒྱས་རྣམས་ནི་སོགས། སངས་རྒྱས་ཕེབས་རུང་མ་ཕེབས་རུ་ཁོང་རང་ཉིད་ཀྱི་བསྟན་པ་ལ་འཕེལ་འགྲིབ་མེད་པ། སྒྲོན་བསྐལ་མུན་བསྐལ་གྱི་ཚུལ་ཡང་གསུངས། འཇིག་རྟེན་པ་ཀུན་སོགས་སངས་རྒྱས་རང་ [013A]༄༅། །ཉིད་ཀྱིས་རྩོད་སྤོང་མཛད་པ། སྤྱིར་འདོད་པ་སྤང་དགོས་ཀྱང་འདིར་བསྟེན་དགོས་པ། དེ་ཡི་བགྲོད་པ་སོགས་བགྲོད་ལུགས་མི་འདྲ་བ་མང་པོ། དཔེར་ན་སྔགས་ལ་ཡང་བདེ་གསང། དུས་འཁོར་ལྟ་བུ། གསང་ བ་བསམ་གྱིས་མི་ཁྱབ་པའི་མངོན་མང་པོ་ཡོད། རྒྱུད་སྡེ་བཞི་ལས་སྤྱོད་རྒྱུད་ནི་ཕྱིའི་བྱང་ཅུང་ཟད་ཉུང་ཞིང་ནང་གི་རྣལ་འབྱོར་གཙོ་བོར་སྤྱོད་པ་ཞེས་ཅུང་མི་འདྲ་བ་གསུངས། ༈ བཞི་བ་རྣམས་རྒྱུན་དུ་འདོན་པ་གནད་ཆེན། ༈ དང་པོ་ནས་ང་གཅིག་པའི་བར་བསྟན་ཚུལ་ཡང་ཞིབ་ཏུ་སྩལ། སྐད་ཅིག་ནས་བསྐལ་པའི་བར། ༈ སྣང་རུང་མ་དམིགས་དང། མི་སྣང་མ་དམིགས་པའི་རྟགས་འདིར་གལ་ཆེ། དེའི་ནང་ནས་མི་སྣང་བ་མ་དམིགས་ པ་གལ་ཆེ། འདིའི་གོ་ཚོད་མི་བཟུང་ཞེས་པ་འདི་ཡིན། ཤེས་ནམ་ཤེས་ན་ཡང། ཇོ་བོ་རྗེས་བཅའ་ཡིག་བཞག་པ་འདི་ལ་བསྟན་དགོས། ཐུབ་པའི་རྣམ་ཐར་ཐུན་མོང་བ་དང། ཐུན་མོང་མ་ཡིན་པ་རིམ་བཞིན་རྒྱ་ཆེར་རོལ་བ། གསང་བ་བསམ་གྱིས་མི་ཁྱབ་པ་ གསུམ་ཡོད། ལེགས་སྐར་དང་ལྷས་བྱིན་ལས་འཕྲོས། ཉེས་ན་ཡོད་པ་ལ་འཐབ་ཡོང། ཁོང་ཁྲོའི་ཉེས་དམིགས་རྩོད་ཞོར་ཁྲོས་ཡོང། རིགས་ལས་འཕྲོས། ཀུན་དགའ་བོའི་རྣམ་ཐར་རྒྱས་པར་གསུངས་མཐར་བཀའ་བསྡུ་མཛད་ཚུལ་གསུངས་ ནས་རྒྱུད་དངོས་གཞི་རྫོགས་སོང་བ་གསུང་བཤད་ཀྱི་མཚམས་རྟེན་འབྲེལ་བཟང་ངོ། ། ༈ རྒྱ་གར་ན་བསླབ་གསུམ། བོད་ན་ལྟ་སྒོམ་སྤྱོད་གསུམ། ཕར་ཕྱིན་དང་མཛོད་གཉིས་ [013B] དབུ་ཚད་གཉིས་ལྟ་བ། འདུལ་བ་སྤྱོད་པ་སྟེ་སྡེ་སྣོད་གསུམ་གྱི་དོན་ཀུན་གཏན་ལ་འབེབས་པའི་གནང་ཡིན། དེ་ཡོད་ས་གདན་ས་བཞི། ཉམས་སུ་ལེན་ལུགས་ལམ་རིམ་འགྲོ་སྟངས་ངོ་མ་དེ་རྣམས་ཕྱི་ནང་ལ་སྔགས་ཀྱི་སློབ་གཉེར་རྒྱུད་གྲྭ། ཉམས་ལེན་ངོ་ མ་རིམ་གཉིས་ཁྲིད་ཟུར་ཚོད་དེ་ལ་བརྒྱུད་པ་གཉིས། དབེན་ས་འཁྲུང་འཇུག་ནོར་བུའི་ཕྲེང་བ་ཟེར། སྤྲུལ་པའི་གླེགས་བམ་ཐད་ཀར་བློ་ལ་ཤར་བ་རེད་ཅེས་ཞང་རིན་པོ་ཆེས་གསུངས་གསུངས། བླ་མའི་རྣལ་འབྱོར་གསུམ། བླ་མཆོད་ལྟ་བ་དན་སྔགས་ཟུང་འབྲེལ་ ཞིང་ཡང་རྨད་བྱུང་བཀོད། དགའ་ལྷ་ཐུན་མོང་བའི་སྤྱོད་པ། ཞིང་དགའ་ལྡན། མཁས་གྲུབ་ཆིག་བརྒྱུད་ལྟ་བ། དགེ་ལྡན་པ་ལ་ཡང་མི་འདྲ་བ་མང། རིན་ཆེན་བཟང་པོ་ཤིན་ཏུ་མཁས་ཚུལ། བློ་ཤེས་ཀྱིས་ཁོང་ནི་ཟླ་བ། ང་ནི་སྐར་མ་ཞེས་བསྔགས་ཚུལ། གྲུབ་ ཐོབ་ཀྱང་ཡིན། ར་རྫི་སྐར་རྒྱལ་གྱི་ལོ་རྒྱུས། ༈ ཀླུ་སྒྲུབ་ཀྱིས། མཐུན་པར་་སྐྱེས་བུ་་མཐུན་ཡུལ་མ་ག་དྷ་གཉིས་པ་དབུས་གཙང་དུ་སྐྱེས། སྐྱེས་བུ་དམ་པ་བརྒྱུད་པ་དང་ལྡན་པ་དང་ཕྲད། ལེགས་སྨོན་ད་ལམ་རྟེན་འབྲེལ་འཛོམས་ པ་སྨོན་ལམ་གྱི་འབྲས་བུ། འཁོར་ལོ་བཞི་དྲང་ལྡན་ན་ཤིང་རྟ་བགྲོད་པ། སྔོན་ཡང་བསོད་ནམས་ནི་རྒྱན་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་་དེ་ལྟ་བུའི་བསོད་ནམས་དགོས་པ། ཆོས་གསུངས་པ་ཐམས་ཅད་རྟེན་འབྲེལ་ལ་ ཐུག༑ རྟེན་ཞེས་ཚུགས་མི་ཐུབ་པ། འབྲེལ་ཞེས་རྒྱུ་འབྲས་བསྙོན་མེད་དེ་བདེན་གཉིས། སངས་རྒྱས་རྣམས་་བདེན་པ་གཉིས་ལ་་དེ་གཉིས་ཇེ་ཕྲར་སོང་བ་རྒྱུད་སྡེ་འོག་མའི་སྐབས་ཟབ་གསལ། དེ་ནས་བསྐྱེད་རིམ་སྐབས་སྣང་ཕྱོགས་ལྷའི་ [014A]༄༅། །འཁོར་ལོ་དང། སྟོང་ཕྱོགས་ཤེས་རབ་འོད་གསལ། དེ་ཡང་ཇེ་ཕྲར་སོང་བ་རྫོགས་རིམ་སྐབས་སྒྱུ་ལུས་འོད་གསལ། རིམ་ལྔ་ལས། སངས་རྒྱས་་བདེན་་ཚིག་ཕྱི་མ་གཉིས་བསྒྱུར་བ། དེ་ལྟར་ཉམས་སུ་ལེན་ པ་ལ་གསང་བདེ་སོགས། རྗེའི་བསྟན་པ་སྤྱིའི་བཀའ་སྲོལ་སློབ་གཉེར་གྲྭས་ཆེན་པོ་བཞི་ལ་བྱེད་དགོས་པ། རྗེས་གསང་སྔགས་ཀྱི་བཤད་པ་གནང་ཚུལ། ཤེར་སེང་ལ་རྟེན་སྐལ་གནང་སྟེ་སྔགས་ཀྱི་བསྟན་པ་གཏད་ཚུལ། དེ་ནས་རིམ་བཞིན་སྲད་རྒྱུད་ སྨད་རྒྱུད་སོགས་བརྒྱུད་ཚུལ། ཞང་རིན་པོ་ཆེས། དཔེ་ཧར་ཆོས་ལ་དཀར་བས་དེ་དུས་ཆོས་ཀྱི་མཐུན་རྐྱེན་བསྒྲུབ་ཕྱིར་ཚུལ་བསྟན་པ་མིན་པའི་ངེས་པ་མེད་གསུངས། སྒྲུབ་པའི་བཀའ་བབས་རྟོགས་ལྡ་འཇམ་དཔལ་རྒྱ་མཚོ་ཡིན་ཚུལ། དེ་ ནས་ཆོས་རྒྱན་པར་ཟུང་འཇུག་གྲུབ་པ་ཤ་སྟག་བརྒྱུད་ཚུལ། ད་ལམ་ཁོང་བསྟན་པའི་བདག་པོ་བདེ་མཆོག་གི་བཀའ་བབས་ལྟ་བུ་ཡིན་པས་འབུལ་ཐུབ་པ་བཟང་སོང་སྙམ་པ་ཡང་ཡང་བྱུང་གསུངས། སླར་དབུ་ནས་མཚན་དོན་གྱི་སྟེང་ནས་ཞུ་ ན༑ མཚན་གསུམ། ཤྲཱི་ཧེ་རུ་ཀ་བཞི་དགའ་བཞི་སོགས་མང་ཡང། ཤྲཱི་ཡུལ་ཅན། ཐོད་ཁྲག་ལ་རོལ་བ་སྔོན་བྱུང་དབང་ཕྱུག་གི་ཁྲག་ལ་རོལ་བའི་དོན་ཨེ་ཡིན་སྙམ། ཤྲཱི་ཧེ་མཁའ་འགྲོ་་ཡང་དག་སྦྱོར་ཡུམ་དང་སྟེ་གཙོ་བོ། འཁོར་ མཁའ་འགྲོ་མ་ཡི་དྲ་བའི་་འདོད་པའི་་ལས་ཚོགས་བསྒྲུབ་པ་ལ་དེ་དགོས་པ། ༈ དཔེ་དོན་གྱི་འོད་གསལ། སྒྱུ་ལུས། ཟུང་འཇུག་སོགས་དེའི་དོན་ཡིན་པ་ [014B] མཆོད་བརྗོད་སོ་སོའི་ཡུལ་སོགས་ཆིག་འགྲེལ་མདོར་བསྡུས། ནཱ་རོ་ཏ་པ་སོགས་རྒྱུད་སྲོལ་འདི་གཙོ་བོར་མཛད་པས་སོ། །བཤད་པ་དམ་བཅའ་ཡན་གསུངས།། །། ༄༅། །ཡང་ སྦས་དོན་དབུས་སྤར་གྲངས། བ་སུམ་ཅུ་རྩ་གསུམ་པ་ཏ་ཉིད་ཅེས་པ་ཧ་ཡིན་པས་ཏ་ཞེས་པ་ཡི་གེ་མ་དག། དབུས་གཙང་གི་སྤར་གཉིས་ཀ་ར་འདི་འདྲའི་ཡིག་ནོར་ཆེས་མང་བས་སྤར་རྙིང་སོགས་དང་ཕན་ཚུན་བསྡུར་དགོས་པ་ཡོད། ་ཉེ་སྙིང་གཉིས་ བསྐོར་བར་ཞེས་པ་གཉིས་ཀྱིས་བསྐོར་བ། ན་ཐམས་ཅད་ཅིག་གིས་ཞེས་པ་ཐམས་ཅད་སྐད་ཅིག་གིས་ཞེས་ཡིན། ན་ཁབ་ལེན་རིག་བདུན་ཞེས་པ་རིགས་ཡིན་པས་ས་ཆད། ན་ལ་སྦས་ཞེས་པ་ལྷ་སྦས། ན་སྔགས་ཀྱི་ཕུལ་ཞེས་པ་སྔགས་ཀྱིས་ ཡིན༑ པ་ངེས་དོན་གྱི་ཡེ་ཤེས་ཞེས་པའི་དོན་སྔགས་ཀྱི་དེ་ཉིད་དེ་སྟོང་པ་ཉིད་ཡིན། སྟོང་བརྟེན་འབྱུང་དུ་ཤར་བས་རྟེན་འབྲེལ་གྱི་ལས་ཚོགས་ཐམས་ཅད་ལ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་སེམས་གཉིས་མེད་མི་རུང། འོན་ཀྱང་བོན་སོགས་ཀྱི་རྫས་སྔགས་ ཀྱིས་སེམས་ཅན་གཞན་མང་པོ་ལ་གནོད་འཚེ་འབྱུང་བས་ལས་ཚོགས་ལ་བཀའ་དམ་པ་དེས་ཡིན། ན་རང་བཞིན་ཤེས་པ་ཞེས་སྟོང་པ་བརྟེན་འབྱུང་གི་ལྟ་བ་ཤེས་པ་ལ་བྱ། ནར་སྣང་ཕྱོགས་ཀྱི་ཧེ་རུ་ཀ་ནི་བཞིན་ལག་གི་རྣམ་པ་ཅན་དུ་ཤར་བ་དང། སྟོང་ཕྱོགས་ ཀྱི་ཧེ་རུ་ཀ་ནི་བདེ་སྟོང་འོད་གསལ། ན་ཟུང་འཇུག་བའི་རིགས་པའི་དཀྱིལ་འཁོར་ནི་ལམ་དུས་ཀྱི་རགས་པའི་དཀྱིལ་འཁོར་དངོས་སུ་སྤྲུལ་པའོ། །བ་འགེགས་ནས་ཞེས་པ། རང་གིས་རང་གི་སྐེ་ཐག་བས་བཏགས་པ་ལྟ་བུ་རང་གིས་རང་སྐེ་འགེགས་ [015A]༄༅། །པ༑ བ་བསྐུལ་ཚིག་སྨོས་པ་ཅན་ཞེས་པ་དམོད་པ་དག་གམ་སྙམ། ན་སྐྱེ་བདུན་ཤ་བྱང་སེམས་ཀྱི་དེ་མཆོག། ཡང་ཚུལ་ཁྲིམས་ལྡན་པ་དང་དགེ་སྦྱོང་ལྟ་བུ་ཡང་དེའི་གྲས་སུ་གསུངས་པ་ཡོད། བ་སྟོང་ ཉིད་དང་སྙིང་རྗེ་གཉིས་ནི་ལས་སྦྱོར་སྒྲུབ་བྱེད་ཀྱིའང་གཙོ་བོ་མེད་ཐབས་མེད། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་པ་ཡང་སྟོང་ཉིད་ཀྱི་ལྟ་བས་ཟིན་པའི་བྱང་སེམས་སོ། །བ་སྙིང་རྗེ་ཆེན་པོས་ཡོངས་སུ་ བཟུང་ཞེས་པའི་སྙིང་རྗེ་ཆེན་པོ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ལ་བྱེད། འདི་དང་སྙིང་རྗེ་ཆེན་པོ་ལ་སྐད་དོད་ཐུན་མོང་བ་ཡོད། ན་དངོས་གྲུབ་བརྙེད་ཅེས་པ་བརྙེས་ཡིན་པས་ཡི་གེ་ནོར། བ་གཉིས་པ་ལཱ་མའི་རིགས་ཀྱི་དབྱེ་བ་ཞེས་པ་ས་བཅད་བཞི་ པ་ཡིན་པས་གཉིས་པ་ཞེས་པ་ཡི་གེ་མ་དག། བ་ས་སྟོན་པ་ལ་ཁ་དང་ཞེས་པ་མཁའ་ཡིན་པས་ཁ་ཞེས་པ་ཡི་གེ་ནོར། བ་ཇི་ལྟར་ཨོཾ་ཞེས་པའི་ཀླད་སྐོར་ལྷག། བ་ནཱ་རོའི་དོན་ཞེས་པའི་རིང་ཆ་ལྷག། བ་ལམ་གྱི་སྙིང་པོར་མཐོང་ངོ།། ཞེས་པའི་ཟད། ངེས་དོན་གྱི་ས་བཅད་འདི་གཉིས་ཤིན་ཏུ་གནད་ཆེ་བ་གསུངས་པ་བསྐྱེད་རིམ་དང་སྔགས་ཀྱི་ངེས་དོན་རྣམས་དང་སྦྱར་ཏེ་ཞིབ་ཏུ་སྦྲགས་ན་སྔགས་ཀྱི་གནད་རྙེད་པར་འགྱུར་བས་གལ་ཆེ་གསུངས། ན་རྩ་བའི་སྔགས་ཀྱིས་ ཞེས་པའི་ས་སྟག། བ་དེ་ཁོ་ན་ཉིད་རྟོགས་པ་སྦྱོར་བ་རང་ཞེས་པ་རྟོགས་པ་སྐྱོང་བ་དང་ཞེས་ཡིན་འདྲ། བ་གཙང་སྤྲའི་མཚན་པ་ཞེས་པ་གཙང་སྤྲའི་མཆོད་པ་སྟེ། མཚན་ཞེས་པ་མ་དག། ན་འཕྲུལ་པའི་བྱ་བ་ཞེས་པ་འཁྲུལ་ [015B] །བ་སྒྲུབ་པ་པོའི་ཡོན་ཏན་ཞེས་པའི་པ་ལྷག། ཁ་ཅིག་ཅེས་པ་སྔ་ཕྱི་གཉིས་ཀར་སྔོན་འཇུག་ག་ཆད། བ་བསམ་པ་གུས་པ་ཡིན་ཞེས་པ་ཡིས་ཡིན་པས་རྗེས་འཇུག་ནོར། ་ལབ་པའི་ན་བཟའ་ཅན་ཞེས་པ་ལྭ་བའི་ ན་བཟའ་ཅན་ཏེ། ལྭ་བ་པའི་ཞེས་པ་མ་དག། བ་དེ་དང་ལྷན་ཏུ་ཞེས་པ་ལྷན་ཅིག་ཡིན་པས་ཅིག་ཆད། ན་ཕུལ་བྱུང་བརྗོད་པའོའི་ཐད། རྭ་ལོས་སེམས་དཔའ་བཅུ་གསུམ་བཀྲོང་ཡང་མིད་ལ་ཟུང་འཇུག་ཐོབ་པས་མ་ཐུབ། མིད་ལས་རས་ཆུང་ ཐར་གཡག་ནས་མགུར་གསུངས་པའི། ལུས་ཐ་མལ་སོགས་ཀྱི་ཕུགས་ན་ཡོད། ན་ས་ལིའི་འདྲི་ཞེས་པའི་སྔོན་འཇུག་ལྷག། བ་གཉིས་པ་ལ་གཉིས། སྔགས་ཀྱི་ཧེ་བ་དང། སྔགས་ཀྱི་ཆོ་གའོ། །ཞེས་པའི་ས་བཅད་གཉིས་པ་སྤར་གཉི་གན་ ཆད་འདུག་པ། འཆད་པ་ནི་དོན་མིན་ནོ། །ཞེས་པ་དང། ཁྲོ་བོ་བཞི་དང་ཡང་དག་ལྡན། །ཞེས་པའི་བར་དུ། གཉིས་པ་ནི། ཞེས་པའི་ས་བཅད་ཆད་དམ། གང་ལྟར་དཔེ་རྙིང་དག་པ་ལ་ཁུངས་གཏུགས་ཏེ་བལྟ་དགོས་འདྲ། ན་སྣང་བྱེད་ཅེས་པ་ གཏུམ་མོའི་མེ། ་བྱཱ་དཀར་པོ་ལས་པདྨའི་ཟེའུ་འཐུ་དཀར་པོ་བསྐྱེད་པའི་རྩེ་མོར། བྱཱ་ཡིག་སེར་པོས་མཚན་པར། ཞེས་པ་དང། ཡི་གེ་བྱཱ་ནི་སྣ་རྩེར་ཡང་དག་སྦྱོར། །ཞེས་པའི་བྱཱ་གསུམ་ཀ་དྱཱ་ཡིག་ཡིན་པས་བྱཱ་བྲིས་པ་ཡི་གེ་མ་དྲག། ན་བྲམ་ཟེའི་ སྐང་ངོག་བྲ་ཧམ་ཞེས་པ་ཚངས་པ་ལ་འཇུག། ཚངས་པ་ཆེན་པོ་ནི་སངས་རྒྱས་ཡིན་པས་འདིར་བྲམ་ཟེ་སྟེ་སངས་རྒྱས་ཞེས་གསུངས། བ་སྒྲུབ་པ་པོ་མཐོང་བ་སོགས་ཏེ། སྒྲུབ་པ་པོ་མཁའ་འགྲོ་སོགས་མཐོང་བ་ལ་མི་འཇིགས་པ། ན་མཆི་མ་ [016A]༄༅། །འཕྱུང་ཞེས་པ་འབྱུང་ཡིན་འདྲ། ན་ཁ་བསྐངས་པའོ། །གཉིས་པ་ནི། ཞེས་པའི་ས་བཅད་འདི། ན་འཆད་དོ་དང། ཕོ་ཉ་ཞེས་པའི་བར་དུ་དགོས་སྣང་བ་གོང་དུ་བྲིས་པ་ཡི་གེ་ནོར་བ་འདྲ་སྙམ་སྟེ། དཔེ་རྙིང་དག་པ་ རྙེད་ན་ཞིབ་རྟོག་དགོས་འདྲ། ན་སྐྱེས་བའི་རོ་སྲེག་སར་བུད་མེད་མཆོངས་ཏེ་མཉམ་དུ་བསྲེགས་པའི་ལུགས་སྲོལ་རྒྱ་གར་སོགས་ཡུལ་འགའ་ལ་ཡོད་པར་གསུངས། ན་མངལ་ནི་རྣམ་པར་འགྱུར་རོ། །ཞེས་ པ་སྤར་གཞན་དུ། མངལ་ནི་རྣམ་པར་འཕོ་བར་འགྱུར་རོ། །ཞེས་ཡོད་པ་དག་པས། འཕོ་བར། ཞེས་པ་ཆད། གནོད་པ་སྟེ་རེངས་པ་ཞེས་པ་རྗེས་འཇུག་ད་ཡིག་ནོར། གནོན་པ་སྟེ་ཞེས་ཡིན། ལས་སྦྱོར་གྱི་ནུས་པ་ ལྡོག་པར་བྱེད་པ་ལས་འཕྲོས། འཇིག་རྟེན་ལ་ངང་བ་སྟུངས། ཆོས་ལ་ངང་རིང་དགོས། སངས་རྒྱས་ཚོས་གྲངས་མེད་གསུམ་པར་མཐར་བསྐྱེལ། མར་ཤེས་གཅིག་པུ་ཡང་བསྐལ་བ་མང་པོར་སྦྱངས་པ་ཡིན། རང་ཅག་དེ་ལས་གོ་ལྡོག་པ་ཆོས་ མི་ཡོང་བའི་རང་རྟགས་ཡིན། དེས་ན་ལས་སྦྱོར་སོགས་ཀྱང་ཚེ་འདིར་གང་འགྲུབ་འགྲུབ་དང། ལྷག་མ་རྣམས་ཚེ་རྗེས་མའི་རྗེས་མ་སོགས་ལའང་འགྲུབ་པའི་སྨོན་ལམ་ཚུན་བརྒྱག་དགོས། བ་སྔར་བཞིན་དུ་འགྱུར་རོ་ཞེས་པའི་ཐད། ད་དུང་སྦས་ བའི་མན་ངག་མཐའ་ཡས་བ་ཡོད་ཀྱང། དེ་འགྲེལ་མཁན་བདེ་སྟོང་གི་ཡེ་ཤེས་ཀྱིས་དྲངས་པའི་མངོན་ཤེས་ཐོབ་བ་ཞིག་གིས་བཀྲལ་དགོས། བ་མཁའ་འགྲོ་མ་ཐམས་ཅད་ནི། སྒྲོལ་མ། དབྱངས་ཅན་མ། ལོ་གྱོན་མ་སོགས་ [016B] །ན་རྣལ་འབྱོར་མར་ཡང་རྒྱས་པར་ན་འདིར་དངོས་བསྟན་ལྟར་གཞལ་ཡས་ཁང་སོགས་ཡབ་བཀའ་ལྟར་བྱ་ཆོག། ན་དྲི་བ་སྣམས་ཞེས་པ་མ་ནམས་ཡིན་འདྲ། ན་ཕུལ་བྱུང་བརྗོད་པ་ནི་རྒྱན་ཏེ་འུད་ཆེ་བའི་ཚིག་རབ་བཏགས་ ཀྱི་རྒྱན་ལྟ་བུའོ། །བ་ལས་ལ་ངེས་པ་སྟེར་ཞེས་བ་ལ་མལ་ཡིན་པས་རྗེས་འཇུག་ནོར། ན་བླ་མའི་མན་ངག་དང། གསང་བ་འདུས་པ་ལའང་ལྟོས་དགོས་པ། ཕྱག་རྒྱ་ཆེའི། ཞེས་པའི་ཕྱག་ཆེན་ནི་དོན་གྱི་འོད་གསལ། ན་ཞེས་འགོད་ཏེ་ནི་ཡིག་ ནོར་བ་སྟེ། འདོན་ཏེ་ཞེས་པ་དག་གོ། བ་གསང་སྔགས་མཆོག་རྣམས་སྤྱོད་ཀྱི་གནས་ཡིན་ལ། ཞེས་པ། གསང་སྔགས་མཆོག་རྣམས་སྤྱོད་པའི་གནས་ནི་མཁའ་སྤྱོད་ཀྱི་གནས་ཞེས་ཡིན་འདུག་པས། སྤྱོད་པའི་གནས་ནི་མཁའ། ཞེས་པ་ཆད་ ན་མ་རྣམས་གཏན་དུ་སྡུག་བསྔལ་བ་མི་བཟོད་པའི་སྙིང་རྗེ་ཤུགས་ཅན་གྱིས་དྲངས་ཏེ་ཟུང་འཇུག་ཞེ་ནས་དོན་དུ་གཉེར་ན། སྒྱུ་འོད་གཉི་གའི་གནད་སྟོན་པའི་ལམ་ཚང་ལམ་ནོར་བ་ལ་འབད་པ་ཆེན་པོས་འཇུག་དགོས་པར་དོན་གྱིས་གདམས་པའོ།། ༄༅། །བླ་མ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །འདིར་ས་འབྲུག་ཟླ་ཚེས་དགེ་བའི་ཉིན་ནས་སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མའི་གསུང་དུས་འཁོར་གྱི་བསྐྱེད་རིམ་རྣམ་བཤད་འཇམ་དབྱངས་ཞལ་ལུང་གི་སྟེང་ནས་བསྐྱེད་རིམ་ གྱི་གསུང་བཤད་ཐོབ་པའི་ཟིན་བྲིས་ཐོར་ཙམ་འགོད་པ་ལ། འདིའི་ཁྲིད་དེང་དུས་མི་བཞུགས་ཀྱང། སྡེ་ཁྲི་རིན་པོ་ཆེས་འདི་མཛད་ནས་སློབ་མ་རྣམས་ཀྱིས་བཤད་ལུང་ཞུས་པའི་རྒྱུན་ཡིན། འདི་རྒྱུད་གཞང་དང་བཤད་སྲོལ་མི་འདྲ་བ་ཆེན་པོ་ཡོད་ [017A]༄༅། །སྟོན་པས་ས་གའི་ཉ་ལ་སངས་རྒྱས་པའི་ཕྱི་ལོའི་ཟླ་བ་གསུམ་པར་གསུངས། གནས་བྱ་རྒོད་ཕུང་རིར་ཤེར་བྱིན་ཁག་གསུངས་དུས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་གསུངས། དེར་སྔོན་མུ་གེ་ཆེན་པོ་ཞིག་བྱུང་ དུས་གྲུབ་ཆེན་ཞིག་གིས་འབྲས་སོ་མའི་ཆར་བབས་པ་ཟོས་པའི་ལྷག་མ་སྤུངས་པའི་ཕུང་པོ་ཡིན། དབྱིངས་མཆོད་རྟེན་ལེགས་པོ་མེད་འདྲ། དེང་སང་རི་མོ་མཛེས་པོ་འདྲི་བ་འདི་ཐུན་མོང་མིན་པའི་སྣང་ཚོད་འདྲ། བྷ་ག་ལ་ནས་ཉིན་གསུམ་གྱི་སར་རྒྱ་ མཚོའི་ནང་ན་ཡོད། འོག་ཏུ་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ཞེས་པ། ཆོས་དབྱིངས་གསུང་དབང་རྒྱུད་སྡེ་གཞན་མང་པོ་གསུངས་པར་ཡང་གསུངས་ཚུལ་ཡོད་མོད། དུས་འཁོར་རང་ ལུགས་ཆོས་དཀྱིལ་སྐུ་གསུང་ཐུགས་ཡོངས་རྫོགས་དང། སྟེང་དུ་རྩ་རྒྱུད་གསུངས་པར་བཞེད་པ་ཞང་རིན་པོ་ཆེས་དབང་སྐབས་གསུངས། འཁོར་རྒྱལ་པོ་ཟླ་བཟང། རྒྱལ་ཕྲན་བྱེ་བ་དགུ་བཅུ་གོ་དྲུག་སོགས་དང། ལྷ་ཀླུ་དྲང་སྲོང་སོགས་ཤིན་ཏུ་ མང༑ དེང་སང་འདིའི་དབང་སྐབས་མི་ཤིན་ཏུ་མང་བ་ཡང་དེའི་ཆོས་ཉིད་རྟེན་འབྲེལ་གྱི་གནད་ཡིན། སྔོན་རྩ་རྒྱུད་ཁོ་ན། རིགས་ལྡན་གྲགས་བས་བསྡུས་རྒྱུད་བསྡུས་ཚུལ། ཉི་མའི་ཤིང་རྟ་ལ་སོགས་པ་རིགས་གཅིག་ཏུ་བསྡུས་ཚུལ་རྣམས་ཡོངས་ གྲགས་ལྟར་གསུངས། བསྡུས་རྒྱུད་དཀྲུགས་ནས་ཡོད་པ་སྡེབ་སྦྱོར་གྱི་ཁྱད་འགོ་ནས་མཇུག་པར་ཕྲེང་འཛིན་རྐྱང་པ། རྣམ་འགྲེལ་རྩ་བ་ཡང་སྡེབ་སྦྱོར་གཅིག་ཁོ་ན། གཅེར་བུ་བ་ལ་ཤམྦྷ་ལའི་གཅེར་བུ་བ་སོགས་འདོད་ཚུལ་མི་འདྲ་བ་ཡོད་ [017B] དབང་ཆེན་ཡང་ཚར་བཞི་བཅུ་ཙམ་གནང། འཛམ་གླིང་འདི་ལ་འཛམ་གླིང་ཆུང་ངུ། གླིང་བཞི་ལ་འཛམ་གླིང་ཆེན་པོ་ཟེར། དུས་སངས་རྒྱས་བའི་ཕྱི་དེ་ལོར་གསུངས་པ་བཅུ་སྟོན། མཁས་གྲུབ་སོགས་མང། མྱ་ངན་ འདའ་ཁར་གསུངས་པ་ཕུགས་ལུགས། བསྐྱེད་རིམ་སྨིན་བྱེད་བྱིས་པ་ལྟར་འཇུག་པའི་དབང་བདུན། རྫོགས་རིམ་སྨིན་བྱེད་གོང་མ་གོང་ཆེན་སོགས། ལེའུ་བསྟན་ཚུལ་ཡང་གསུངས། ཕྱི་ལ་སྦྱར་ན་ལོ་གཅིག་དུས། དེའི་ཁྱིམ་འཕོ་ཉི་ཟླ་རྒྱུ་སྐར་སོགས་རྒྱུ་ ལུགས་འཁོར་ལོ། ནང་ལ་སྐྱེས་བུའི་རྒྱུད་ཀྱི་ཉིན་ཞག་གཅིག་དུས། དེའི་རིང་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ཚུལ་སོགས་འཁོར་ལོ། དེ་གཉིས་སྦྱང་གཞི། འདི་མ་རྒྱུད་ཀྱི་རྩེ་མོར་འཇོག་པ་ཕྱི་ནང་གཞན་གསུམ་སྦྱར་བའི་ཁྱད་པར་གྱིས་ཡིན། མཚན་ བརྗོད་ཀྱི་རྡོ་རྗེ་ཤུགས་ཆེན་ཞེས་པ་འདིའི་ཁྲོ་བོ་རྡོ་རྗེ་ཤུགས་ཡིན། མཚན་བརྗོད་དུས་འཁོར་བས་དུས་འཁོར་རྐྱང་པར་འགྲེལ། དགེ་འདུན་རྒྱ་མཚོའི་འགྲེལ་པ་དེ་དང་འདྲ། དེ་ནང་འདྲ་མིན་མང། ནོར་བཟང་རྒྱ་མཚོའི་བཞེད་པ་ཡིན། ཁོང་སྒྱུ་ལུས་ འགྲུབ་པར་ཞལ་གྱིས་བཞེས། ནོར་བཟང། གུང་རུ། འཇམ་དབྱངས་དགའ་བློ་སོགས་རྗེའི་དངོས་སློབ་ལ་ཡང་བཞེད་པ་མི་འདྲ་བ་མང། མཁས་གྲུབ་རིན་པོ་ཆེ་བཞུགས་དུས་སྨྲ་མི་ནུས། ཁོང་གཤེགས་ནས་གསུངས་ལུགས་མང། མཁས་ སྒྲུབ་རིན་པོ་ཆེའི་གསུང་དེ་དུས་དཔོན་པོ་དབང་ཆེན་པོ་ཞིག་གི་རྐྱེན་གྱིས་སྦར་སུས་ཀྱང་བརྐོ་མ་ནུས། དཔེ་ཆ་གང་ཡོད་ཀྱང་བསྡུ་མཁན་ཞིག་ཡོད། དེ་དུས་རི་བོ་མདངས་ཅན་གྱི་གྲྭ་རྒན་ཞིག་གིས་ས་བརྐོས་ནས་དེའི་ནང་དུ་སྦས། དེ་རྗེས་སུ་སྦར་གྱི་ཕྱི་ [018A]༄༅། །མོ་བྱས། ད་ལྟ་གསུང་འབུམ་འཁོད་པ་འདིའི་བཀའ་དྲིན་ཡིན། ༈ ཁོང་གསུང་བཤད་ཉུང་ལ་ཟབ་བརླིང་ཡོད། ཀ་འདུས་ཞབས་དྲུང་མངལ་རྒྱས། སྡེ་ཁྲི་རིན་པོ་ ཆེ་རི་བོ་རྩེ་ལྔ་ནས་མཁྱེན་རབ་ཀྱི་གཏེར་རྡོལ་བ་རེད། ཞོ་ཤ་ཞེས་པ་ཟས་ཡིན་འདྲ། འདིའི་ནམ་མཁའ་བར་སྣང་སྐྱ་སེང་ལ་བྱེད། ༈ འགའ་ཞིག་གདོང་སྒྲིབ་མཇུག་སྒྲིབ་གང་རུང་ ལས་གཉིས་སྒྲིབ་མི་སྲིད་པས་གང་རུང་ལས་གཉིས་ཀ་གདན་གཅིག་ལ་མི་བྱེད་ཟེར་ཡང། རང་ལུགས་གཉིས་ཀ་སྟེ་གདན་བཞི་བརྩེགས་ལྟ་བུ་བྱེད་པ་མཁས་གྲུབ་རྗེའི་རང་ལུགས་ཡིན། ༈ ༈ སྒྲ་གཅན་འཇུག་སྐབས་དབུ་མའི་ནང་རླུང་རྒྱུ་བར་དུས་འཁོར་བ་འདོད། མི་ལོ་བརྒྱ་སྡོད་པ་ཞིག་ལ་སྡོམ་ན་ལོ་གསུམ་ཕྱོགས་གསུམ་གྱི་ཚོད་ཡེ་ཤེས་ཀྱི་རླུང་རྒྱུ། མཚན་བརྗོད་དུས་འཁོར་དུ་བཀྲལ་རྒྱུ་ ཡོད་པ་འབྲས་སྤུངས་མཆོད་རྟེན་དུ་གསུངས་པའི་གནད་ཡིན། འཇིགས་བྱེད་ཞེ་དགུ་མར་དུས་འཁོར་ལྟར་སྦྱར་ཡོད། ༈ དེ་ཡང་ལུས་མ་ཕུག་བར་སེམས་ལ་ཕུག་བར་བྱེད་བས་མེ་ཏོག་གི་མདའ་ཟེར། དབང་ སྡུད་ཀྱི་ལྷའི་ཕྱག་མཚན་དུ་མེ་ཏོག་གི་མདའ་བཟུང་བ་ཡང་གནད་དེ་འདྲ། ༈ འགའ་རེ་མི་འདུག་པ་ཤམྦྷ་ལའི་གྲངས་ཅན་གྱི་འདོད་ཚུལ་ཡིན་ཚོད། ༈ [018B] སྔགས་གཅིག་ལ་རྡོ་རྗེ་གསུམ་པ་ལ་ཆེར་ལ་ཚང། ཨ་ར་པ་ཙ་དང་མ་ཎི་ལྟ་བུར་རིགས་ཐམས་ཅད་བསྡུས་པས་ཚང་འདྲ། ༈ དེས་དུས་འཁོར་གྱི་ བསྟོད་པར་འགྱུར་བ་ཨེ་ཡིན། མཚན་བརྗོད་འཇམ་དབྱངས་རིགས་ལྔའི་མཚན་ཡིན་ཀྱང། སངས་རྒྱས་ཐམས་ཅད་ཀྱི་ཡང་རིགས་ལྔ་དང་དྲུག་གི་མཚན་བརྗོད་པ་ཡིན་པས། རྒྱུད་ཀྱི་གླེགས་བམ་གཞན་མ་མ་རྙེད་ན་གང་ལ་ཡང་འདི་བཞག་ཆོག་ཅེས་གསུངས་ གསུངས། ༈ །གཤེགས་དུས་འཇའ་དང་མེ་ཏོག་གི་ཆར་བྱུང། ཞུ་བ་པོ་འདིའི་ཡང་སྲིད་མེད་ཤུལ་ཚུལ་ཁྲིམས་རིན་པོ་ཆེ་ཡིན། དེ་རྩོད་འཆད་ལ་མཁས་པ་ཡིན་སོགས་དགྱེས་བཞིན་དུ་ བཀའ་དྲིན་སྩལ་ཏོ།། །། ༈ །ཡོན་སྦྱར་མཐུན་རྐྱེན་འབྲེལ་ཚད་བླ་མ་ཡིས། ཚེ་རབས། འབྲལ་མདམ་སྟེས་པ་ནིན་རྗེས་འཛིན་ཅིང། ཟུང་འཇུག་རྡོ་རྗེ་འཆང་དབང་མྱུག་ཐོབ་ཤོག། །། དགེ་ལེགས་འཕེལ། །